R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 71
[A:71] གཏེར་ལའོ། །ཡང་ན། ཐུར་ལྷས་ཚུལ་སྐྱབས་ནས། ཐང་སྤེ་འཕགས་སྐྱབས། གསེར་ལྡིང་གཞོན་འོད། དགེ་ལྡིང་ཆོས་འོད། འཕགས་འོད། བུ་སྟོན། རིན་ཆེན་རྣམ་རྒྱལ། བྱང་ཆུབ་རྒྱལ་མཚན། སྐུ་ཞར་རིན་ཆེན་བཀྲ་ཤིས། རྭ་སྒྲེང་དཀའ་བཞི་པ། སྐུ་ཞང་སངས་རྒྱས་དཔལ་འབྱོར། དུས་ཞབས་པ་ཤཱཀྱ་དབང་ཕྱུག་འཇམ་དབྱངས་ཆོས་ཀྱི་གྲགས་པ། དེས་ཀུན་སྤངས་ཤེས་རབ་རྒྱ་མཚོ་དང་། སྔགས་འཆང་ཚེ་བདག་བཀྲ་ཤིས་གཉིས། གཉིས་ཀས་འཐུག་པ་པདྨ་དཀར་པོ། དེ་ནས་ལྷ་རྩི་པ་ངག་དབང་བཟང་པོ། འབྲུག་པ་དཔག་བསམ་དབང་པོ། རྗེ་བཙུན་ཡར་འཕེལ་དབང་པོ། ངག་དབང་ཀུན་དགའ་བསྟན་འཛིན། ཆོས་རྒྱལ་རྒྱ་མཚོ། འཇམ་དཔལ་དཔའ་བོ། ཚེ་དབང་ཀུན་ཁྱབ་མན་འདྲ། ཡང་ན། རིན་ཆེན་རྣམ་རྒྱལ་ནས། དཔལ་མཆོག་དོན་གྲུབ། ཟླ་བ་དཔལ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་མཆོག་གྲུབ། དཀོན་མཆོག་དཔལ་བཟང་། བཀྲ་ཤིས་རྒྱལ་མཚན། དཔལ་ལྡན་ཆོས་བཟང་། ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། ཀུན་དགའ་རྣམ་རྒྱལ། ཚེ་དབང་ཀུན་ཁྱབ་མན་འདྲ། ཡང་ན། བུ་སྟོན་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྗེ། བསོད་ནམས་བཟང་པོ། ཀུན་དགའ་རྣམ་རྒྱལ། བྱང་ཆུབ་དབང་པོ། ཤཱཀྱ་ཀུན་དགའ། ཡེ་ཤེས་དབང་པོ། ཏཱ་ར་ནཱ་ཐ་མན་འདྲའོ། །ཡང་ན། བུ་སྟོན་ནས། ཁྱུང་ལྷས་པ། ཤར་ཆེན། ངོར་ཆེན། ཤཱཀྱ་མཆོག་ལྡན། རབ་གསལ་ཟླ་བ་མགོན་པོ། ཀུན་དགའ་གྲོལ་མཆོག་བྱམས་པ་ལྷུན་གྲུབ། ཏཱ་ར་ནཱ་ཐ་མན་འདྲའོ༎ ་༎གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལེགས་པར་བཀྲལ་