R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 75
[A:75] པོ། ཁམས་པ་ཤཱཀྱ་རྡོ་རྗེ། དེའི་སྲས་ཆོས་ཀྱི་གྲགས་པ། བླ་མ་དར་མ་ཤཱཀྱ། བསོད་ནམས་དབང་པོ། ལོ་ཙཱ་བ་མཆོག་ལེགས་བློ་གྲོས། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། བླ་མ་བཀྲ་ཤིས་རིན་ཆེན། ངོར་ཆེན་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་ཀུན་མཁྱེན་བསོད་ནམས་སེང་གེ་མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་ཀུན་དགའ་བསོད་ནམས། སྔགས་འཆང་གྲགས་པ་བློ་གྲོས། འཇམ་དབྱངས་སངས་རྒྱས་སེང་གེ་ཐར་པཎ་ནམ་མཁའ་དཔལ་བཟང་། དེའི་དབོན་ནམ་མཁའ་རིན་ཆེན། ཧོར་ནམ་མཁའ་དཔལ་བཟང་། མཁན་ཆེན་ཤེས་རབ་རྒྱ་མཚོ། མཁས་བཙུན་ཀུན་དགའ་ཆོས་འཕེལ། ཆོས་རྗེ་དཀོན་མཆོག་རྒྱལ་མཚན། མཚུངས་མེད་བཀྲ་ཤིས་བཟང་པོ། འཇམ་མགོན་སངས་རྒྱས་ཡེ་ཤེས། ས་ཆེན་ཀུན་དགའ་བློ་གྲོས། དེས་བྱམས་པ་ནམ་མཁའ་འཆི་མེད་དང་། མི་ཉག་རི་ཁུག་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་གཉིས། གཉིས་ཀས་བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་གསུམ་གས་རྗེ་དགེ་འདུན་རྒྱ་མཚོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེས་བདག་གམ། ཡང་ན། རྗེ་མཁྱེན་བརྩེས་བདག་བློ་གཏེར་ལའོ༎ ་༎སློབ་དཔོན་ཛ་ཝ་རི་པས་བཀྲལ་བའི་ཕ་རྒྱུད་མི་བསྐྱོད་པའི་རིགས་སུ་གཏོགས་པར་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་དུ་འདུལ་འཛིན་གྲགས་པའི་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་སེང་གེ་གདོང་པ་ཅན། གྲུབ་ཆེན་ཤ་བ་རི་པ། པཎ་ཆེན་ཛ་བ་