R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 74
[A:74] ལྔ་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དབྱངས། སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། རིན་ཆེན་འབྱུང་གནས་ཞི་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། རྒྱ་ལྕགས་རི་གོང་ཁ་བ། རྗི་བུ་ཁ་པ། སྤེན་ཕུག་པ། ཞང་ཡེ་ཤེས་རྡོ་རྗེ། གཟེ་པ་དོན་གྲུབ་མགོན་པོ། བར་ཐང་པ་ཡབ་སྲས། བླ་མ་དར་མ་ཤཱཀྱ། བླ་ཆེན་བསོད་ནམས་དབང་ཕྱུག་ལོ་ཙཱ་བ་མཆོག་ལེགས་བློ་གྲོས། དཔལ་ལྡན་སེང་གེ་བུ་སྟོན་མན་འདྲའོ། །དྲུག་པ་རྭ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དབྱངས། སངས་རྒྱས་ཡེ་ཤེས། མར་མེ་མཛད། འཇམ་དཔལ་གྲགས་པ། དཔལ་བདེ་བ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། ས་མནྟ་པྲ་བྷ། ཛྙཱ་ན་ཤྲཱི་མི་ཏྲ། རཏྣ་ཀཱིརྟི། པུཎྱེ་ཤྲཱི། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྡོ་རྗེ་སྲ་བརྟན་མན་གོང་ལོ་ཆེན་ལུགས་དང་འདྲའོ༎ ་༎ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བཀྲལ་བའི་དཔལ་གསང་བ་འདུས་པ་སྤྱན་རས་གཟིགས་དབང་ཕྱུག་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་ཞུ་ཆེན་གྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། སྤྱན་རས་གཟིགས། སློབ་དཔོན་སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། སློབ་དཔོན་ཀུན་དགའ་སྙིང་པོ། ཐ་ག་ན་པ། རིན་ཆེན་འབྱུང་གནས་ཞི་བ། མཉམ་མེད་ཇོ་བོ་ཆེན་པོ་མར་མེ་མཛད་དམ། ཡང་ན། རྡོ་རྗེ་འཆང་། འཕགས་པ་སྤྱན་རས་གཟིགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལྷ་བཙུན་བྱང་ཆུབ་འོད། ཁུམ་པ་བྱང་ཆུབ་རྡོ་རྗེ། རྒྱ་ལྕགས་རི་གོང་ཁ་པ། རྫི་བུ་ཁ་པ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་གྲགས། ཞང་ཡེ་ཤེས་རྡོ་རྗེ། གཟེ་པ་དོན་གྲུབ་མགོན་