R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 77
[A:77] མཚན། རྗེ་ངག་དབང་བློ་གྲོས། དམར་ཚུལ་ཁྲིམས་རིན་ཆེན། དགེ་འདུན་བཀྲ་ཤིས། ལྷ་བཙུན་བསོད་ནམས་དཔལ་བཟང་། སྒོམ་སྡེ་ཤར་པ་ནམ་མཁའ་རྒྱལ་མཚན་མན་འདྲའོ༎ ་༎འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བིཪྺ་པས་བླ་མ་ས་ཆེན་ལ་དངོས་སུ་སྩལ་བའི་ཕ་རྒྱུད་རྡོ་རྗེའི་རིགས་རྡོ་རྗེ་རྣམ་པར་འཇོམས་པ་བླ་མེད་ལྟར་བཀྲལ་བ་ལྷ་བདུན་ཅུ་རྩ་ལྔའི་དཀྱིལ་འཁོར་དུ་བསོད་ནམས་རྩེ་མོའི་དབང་ཆུ་དང་། ནམ་མཁའ་དཔལ་བཟང་གི་བྱིན་རླབས་གཉིས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ས་སྐྱའི་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། རྣམ་རྒྱལ་རིན་ཆེན། ཤཱཀྱ་ཀུན་དགའ། ཡེ་ཤེས་དབང་པོ། དབང་ཕྱུག་རྒྱལ་མཚན། བསོད་ནམས་མཆོག་ལྡན། གོང་དཀར་ཕྲིན་ལས་རྣམ་རྒྱལ། བྱམས་པ་བསྟན་པ་རྒྱ་འཚོ། ཁྲི་ཟུར་བཀྲ་ཤིས་དོན་གྲུབ། རྗེ་ཕུན་ཚོགས་རྣམ་རྒྱལ། བླ་མ་དཀོན་མཆོག་སྦྱིན་པ། གོང་དཀར་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎མི་གཡོ་བླ་མེད་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་བཀྲལ་བའི་ཁྲོ་རྒྱལ་མི་གཡོ་བ་ལྷ་དགུའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། ཁྲོ་བོ་མི་གཡོ་བ། སློབ་དཔོན་ནཱ་གརྫུ་ན། གྲུབ་ཆེན་ཤ་བ་རི་