R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 78
[A:78] དབང་ཕྱུག་སློབ་དཔོན་བླུའི་བྱང་ཆུབ། ཤཱཀྱ་སྲུང་བ། ཆོས་ཀྱི་གྲགས་པ། རིན་ཆེན་བཟང་པོ། རིན་ཆེན་འབྱུང་གནས། གྲགས་པ་རྒྱལ་མཚན། རོལ་པའི་རྡོ་རྗེ། ཡེ་ཤེས་རྒྱ་མཚོ། ཉི་མ་སེང་གེ་སངས་རྒྱས་སྲུང་བ། ཤཱཀྱ་སེང་གེ་རྒྱལ་མཚན། པཎྜི་ཏ་ནགས་ཀྱི་རིན་ཆེན། ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན། རྗེ་བློ་གྲོས་ཆོས་སྐྱོང་། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་སངས་རྒྱས་འོད་ཟེར། ཇོ་ནང་ཀུན་དགའ་གྲོལ་མཆོག་བྲག་སྟོན་པ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། དེའི་དབོན་ངག་དབང་ཕྲིན་ལས། གྲུབ་དབང་ཀུན་མཁྱེན་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། སི་ཏུ་ཆོས་ཀྱི་འབྱུང་གནས། ལོ་ཆེན་ཚེ་དབང་ཀུན་ཁྱབ། ཀརྨ་ངེས་དོན་བསྟན་འཛིན། ཀརྨ་འོད་གསལ་འགྱུར་མེད། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎སློབ་དཔོན་ཝ་ལ་ཙནྡྲས་བཀྲལ་ཞིང་རས་ཆུང་རྡོ་རྗེ་གྲགས་ཀྱིས་བོད་དུ་སྤྱན་དྲངས་པ་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ལྷ་ལྔའི་དཀྱིལ་འཁོར་དུ་ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། གྲུབ་ཐོབ་ལས་ཀྱི་རྡོ་རྗེ། ཤིང་ལོ་པ། ཐང་ལོ་པ། ཀརྞ་རི་པ། ཝ་ལ་ཙནྡྲ། རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བ་ལོ་རས། གླིང་རས་པདྨ་བྱང་ཆུབ། སངས་རྒྱས་བསྟན་བྱམས། བཀྲ་ཤིས་རབ་དགའ། རིན་ཆེན་འོད་ཟེར། ཚུལ་ཁྲིམས་བཀྲ་ཤིས། དཔལ་ཆེན་བཟང་པོ། བློ་བཟང་དཔལ་འབྱོར། ཆག་ལོ་རིན་ཆེན་ཆོས་རྒྱལ། ཁྲ་རི་བ། རབ་འབྱམས་ཆོས་རྗེ། དཔའ་བོ་གཙུག་ལག་ཕྲེང་བ། ཞྭ་དམར་དཀོན་