R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 79
[A:79] མཆོག་ཡན་ལག་ཀརྨ་པ་དབང་ཕྱུག་རྡོ་རྗེ། དཔའ་བོ་གཙུག་ལག་རྒྱ་མཚོ། སྤུངས་རི་བ་མི་ཕམ་བློ་གྲོས། པཎ་ཆེན་ཀརྨ་ལུང་རིག་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན། སི་ཏུ་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། ངག་དབང་ཡོན་ཏན་རྒྱ་མཚོ། འཆི་མེད་སྤྲུལ་སྐྱུ་ཀརྨ་ངེས་དོན་དབང་པོ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། རྡོར་འཆང་། ཕྱག་རྡོར། ཝ་ལ་ཙནྡྲ། རས་ཆུང་བ། ཟངས་རེ་རས་པ། གྲུ་གུ་རས་པ། སྤོམ་བྲག་པ། ཀརྨ་པཀྴི། གཉན་རས་སོགས་ཀར་ལུགས་དོན་བརྒྱུད་ལྟར་ལ། ཀརྨ་པ་དབང་ཕྱུག་རྡོ་རྗེ་མན་གོང་ལྟར་བྱས་ཀྱང་ཆོག་པར་གསུངས་སོ༎ ་༎གཉིས་པ་གདུལ་བྱ་ཞེ་སྡང་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་རྣམ་སྣང་གི་རིགས་སུ་གཏོགས་པ་དཔལ་གཤིན་རྗེའི་གཤེད་ཀྱི་སྐོར་ལ་དམར་ནག་གཉིས་ལས། དང་པོ་ལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་བཅུ་བདུན་མའི་རྗེས་སུ་འབྲངས་ནས་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པས་བཀྲལ་བའི་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཐར་པཎ་གྱི་མཚམས་སྦྱོར་གཉིས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་གསུམ་དང་ལྡན་པ་ལས། དང་པོ་ཆག་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་གཤིན་རྗེའི་གཤེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་བིཪྺ་པ། ཌོམྦི་ཧེ་རུ་ཀ་པཱི་རཱ་ཊི་པ། མ་ཏཾ་གརྦྷ། གོམྦཱི་ར་མ་ཏི། རྡོ་རྗེ་གདན་པ་མྱ་ངན་མེད་དཔལ། ནིཥྐ་ལངྐ་དེ་ཝ། རེ་ཝེནྡྲ་པྲ་བྷ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་རྡོ་རྗེ་དཔལ། ཤངས་ལོ་བློ་གྲོས་