[A:84]
རྒྱན། བློ་བཟང་དགེ་འདུན་དོན་གྲུབ། གྲུབ་དབང་དམ་ཚིག་རྡོ་རྗེ་མན་འདྲའོ། །གཉིས་པ་དཱ་ན་ཤཱི་ལའི་ལུགས་ཀྱི་བརྒྱུད་པ་ནི། གཤིན་རྗེའི་གཤེད། གྲུབ་ཆེན་དཔལ་འཛིན། དཔེ་མེད་འཚོ། རིན་འབྱུང་ཞི་བ། ཆོས་འབྱུང་ཞི་བ། འདྲེན་མཛད་ཞབས། རྣམ་གྲངས་ལྷ། ཤཱཀྱ་ཤྲཱི། པཎྜི་ཏ་དཱ་ན་ཤཱི་ལ། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ་མངའ་རིས་སངས་རྒྱས་ཡེ་ཤེས། བུ་སྟོན་མན་འདྲའོ། །གསུམ་པ་གློ་བོ་ལུགས་ཀྱི་བརྒྱུད་པ་ནི། གཤིན་རྗེའི་གཤེད། བིཪྺ་པ། ཌོམྦི་པ། དཔལ་འཛིན། མ་ཏི་བྷ་དྲ། པཎྜི་ཏ་དརྤན་ཨཱ་ཙཪྻ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། བླ་མ་ས་པ། ལོ་ཙཱ་བ་མཆོག་ལྡན་མན་འདྲའོ། །
ཇོ་ནང་སྒྲུབ་དཀྱིལ་སྟེང་ནས་གཤིན་རབ་ལྟར་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་ཡན་གོང་བཞིན་ལ། དེ་ནས་རིན་ཆེན་རྣམ་རྒྱལ། ནམ་མཁའ་མཆོག་གྲུབ། རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ། རིག་འཛིན་རྒྱལ་པོ། ཆོས་རིག་རྒྱལ་མཚན། བསོད་ནམས་དཔལ་འབྱོར། བཀྲ་ཤིས་རྒྱལ་མཚན། དཔལ་ལྡན་ཆོས་བཟང་། ཏཱ་ར་ནཱ་ཐའོ། །ཡང་ན། གཡག་སྡེ་ལོ་ཙཱ་ནས། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ་སྐྱི་སྟོན་གྲགས་རྒྱལ། ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། རིག་པའི་གློག་ཕྲེང་། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཤཱཀྱ་ཀུན་དགའ། ཡེ་ཤེས་དབང་པོ། རྗེ་བཙུན་ཏཱ་ར་ནཱ་ཐའོ། །ཡང་ན། གཡག་སྡེ་ལོ་ཙཱ་བ་ནས། ཟེ་དམར་བ་སངས་རྒྱས་ཡེ་ཤེས། ཇོ་ནང་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་མན་འདྲ། ཡང་ན། རྗེ་བཙུན་ཏཱ་ར་ནཱ་ཐ་ནས། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་