[A:85]
བཟང་དབང་པོ། ཚེ་དབང་ནོར་བུ། སི་ཏུ་ཀརྨ་བསྟན་པའི་ཉིན་བྱེད། ཚེ་དབང་ཀུན་ཁྱབ། ཀརྨ་རིན་ཆེན་རྣམ་རྒྱལ་རྡོ་རྗེ། ཀརྨ་འོད་གསལ་འགྱུར་མེད། ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཡང་ན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ནས། བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ། དབང་ཕྱུག་རྒྱལ་མཚན། ཉི་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། གོང་དཀར་བ་ཆོས་གྲགས་དར་རྒྱས། འཇམ་དབྱངས་མགོན་པོ། གོང་དཀར་བ་ཀུན་དགའ་ཆོས་འཕེལ། ཀརྨ་ཚེ་དབང་ཀུན་ཁྱབ་མན་གོང་དང་འདྲའོ༎ ་༎གཉིས་པ་གཤིན་རྗེའི་གཤེད་ནག་པོའི་སྐོར་ལ་དགྲ་གདོང་འཇིགས་གསུམ་ལས། དང་པོ་དགྲ་ནག་གི་རྒྱུད་ལེའུ་བཅོ་བརྒྱད་པ་ལ་བརྟེན་ནས་གྲུབ་ཆེན་ཏཻ་ལོ་པ་སོགས་ཀྱིས་བཀྲལ་བའི་གཤིན་རྗེའི་གཤེད་དགྲ་ནས་པ་རྭ་ལུགས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་མཚམས་སྦྱོར་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏཻ་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། བལ་པོ་མེ་ཛ་གླིང་པའམ་ཐུགས་རྗེ་ཆེན་པོ། རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ་རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེའི་སྲས་ཤེས་རབ་སེང་གེ་བླ་མ་དཔལ་ལྡན་སེང་གེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། བླ་མ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རིག་འཛིན་རྒྱལ་པོ། བླ་ཆེན་ཆོས་རིག་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། པཎ་ཆེན་ནམ་