R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 87
[A:87] མཐའ་ཡས། རྗེ་ངག་དབང་ཕྲིན་ལས། གྲུབ་ཆེན་ཀུན་བཟང་དབང་པོ། བློ་གྲོས་བཟང་པོ། རྗེ་དཔའ་བོ་གཙུག་ལག་དགའ་བའི་དབང་པོ། ཚེ་དབང་ཀུན་ཁྱབ། ཀརྨ་ངེས་དོན་བསྟན་འཛིན། ཀརྨ་འོད་གསལ་འགྱུར་མེད། ཁྱབ་བདག་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །རྭ་ལུགས་ལྟར་ན། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས་བྱམས་པ་ལྷུན་གྲུབ། ཏཱ་ར་ནཱ་ཐ་མན་འདྲ། ཡང་ན། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ལ་ལི་ཏ་བཛྲ། དོན་ཡོད་རྡོ་རྗེ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར། རྭ་རྡོ་རྗེ་གྲགས་མན་གོང་ལྟར་རོ༎ ་༎གཉིས་པ་གདོང་དྲུག་གི་རྒྱུད་སྡོམ་པ་གསུམ་པ་ལ་བརྟེན་ནས་གྲུབ་ཆེན་ནག་པོ་པ་སོགས་ཀྱིས་བཀྲལ་བའི་གཤིན་རྗེའི་གཤེད་གདོང་པ་དྲུག་པ་རྭ་ལུགས་ལྷ་ཉེར་གཅིག་མའི་དཀྱིལ་འཁོར་དུ་ཞུ་ཆེན་གྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ནག་པོ་པ། དྷ་ད་པ། དྷ་མ་པ། དེ་བ་པ། ཛཻ་ཏཱ་རི། ཨ་ནངྒ་བཛྲ། ་་་་ཡན་ལག་མེད་པའི་རྡོ་རྗེ། དྷརྨ་ཨ་ཤོ་ཀ་མ་ཏི། པདྨ་བཛྲ། བལ་པོ་མེ་ཛ་གླིང་པའམ་ཐུགས་རྗེ་ཆེན་པོ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ་རྭ་འབུམ་སེང་། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེའི་སྲས་རོང་པ་ཤེས་རབ་སེང་གེ་བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། རིན་ཆེན་མཁྱེན་རབ་མཆོག་གྲུབ། རྗེ་རིག་འཛིན་རྒྱལ་པོ། རྗེ་ཆོས་རིག་རྒྱལ་མཚན། དགོན་སྟོད་པ་བསོད་ནམས་དཔལ་འབྱོར། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ཆོས་རྗེ་རྡོ་རྗེ་བཟང་