R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 88
[A:88] པོ། ལྷ་བོ་པ་རིན་ཆེན་རྒྱལ་མཚན། རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་ཆོས་དབང་རྒྱལ་མཚན། མཁན་ཆེན་བྱམས་པ་མཁས་བཙུན། བྱང་གླིང་བླ་ཆེན་རིན་ཆེན་བརྩོན་འགྲུས། མཚུངས་མེད་འཇམ་དཔལ་ཆོས་དར། བྱང་གླིང་བླ་ཆེན་སྨོན་ལམ་བསམ་གཏན། བྱང་གླིང་གྲུབ་དབང་ཡེ་ཤེས་དཔལ་འབྱོར། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཇོ་ནང་གཤིན་རམས་ལྟར་ཐོབ་པའི་བརྒྱུད་པ་ནི། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་ཡན་གོང་ལྟར་ལ། དེ་ནས། ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། མགོན་པོ་བསོད་ནམས་མཆོག་ལྡན། ཉི་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། བཀའ་འགྱུར་བ་རིན་ཆེན་རྒྱ་མཚོ། གོང་དཀར་བ་ཀུན་དགའ་བསམ་འགྲུབ། ཀུན་དགའ་དར་རྒྱས། ཀུན་དགའ་ཆོས་འཕེལ། བེ་ལོ་ཀརྨ་ཚེ་དབང་ཀུན་ཁྱབ། སྤྲུལ་སྐུ་ཀརྨ་རིན་ཆེན། བླ་མ་འོད་གསལ་འགྱུར་མེད། རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་ལའོ༎ ་༎གསུམ་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོགས་བདུན་ལ་གཙོ་བོར་བརྟེན་ནས་གྲུབ་ཆེན་ལ་ལི་ཏ་བཛྲ་དང་། དོན་ཡོད་རྡོ་རྗེས་བཀྲལ་ཞིང་། གངས་ཅན་གྱི་ལྗོངས་འདིར་རྭ་སྐྱོ་ཞང་གསུམ་གྱི་བཀའ་སྲོལ་ལས། དང་པོ་རྭ་ལུགས་འཇིགས་བྱེད་ལྷ་དགུ་མའི་དཀྱིལ་འཁོར་དུ་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ་བཛྲ། པཎྜི་ཏ་ཨ་མོ་གྷ་བཛྲ། ཛྙཱ་ན་ཀ་ར་གུཔྟ། གྲུབ་ཆེན་པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་ལོ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་