R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 94
[A:94] བཟང་མཐུ་སྟོབས་དཔའ་འབར། མཁྱེན་བརྩེ་མན་འདྲའོ། །དགེ་ཕྱོགས་བརྒྱུད་པ་ནི། རོང་པ་ཤེར་སེང་ཡན་གོང་ལྟར་ལ། དེ་ནས་ཡེ་ཤེས་དཔལ། བསོད་ནམས་ལྷུན་གྲུབ། དོན་གྲུབ་རིན་ཆེན། རྗེ་བློ་བཟང་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་རྒྱམ། སྔགས་ཆེན་དཀོན་རྒྱམ། སྐྱི་ཤོད་ངག་དབང་བསྟན་འཛིན་ཕྲིན་ལས། གནས་བརྟན་འཇམ་དབྱངས་གྲགས་པ། འཇམ་དབྱངས་བཞད་པ། སྒོ་མང་བློ་བཟང་ཤེས་རབ། སློབ་དཔོན་འཇམ་དཔལ་རྒྱ་མཚོ། མཁན་ཆེན་དགེ་འདུན་རྒྱ་མཚོ། འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དཀོན་མཆོག་བསྟན་པ་རབ་རྒྱས། བརྒྱུད་སྲོལ་ཀུན་འདུས་རྗེ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཇོ་ནང་གཤིན་རམས་ལྟར་ཐོབ་པའི་བརྒྱུད་པ་ནི། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་ཡན་གོང་ལྟར་ལ། དེ་ནས། གྲུ་གུ་མཁར་སྔོན་པ་རཏྣ་དྷྭ་ཛ། རྭ་དྷརྨ་དྷཱ་ཏུ། བརྩོན་འགྲུས་སེང་གེ་དྷརྨ་མངྒ་ལཾ། ཤར་སེང་། རྭ་ཨ་ནནྡ་སིདྷ། རྭ་དྷརྨ་སེང་གེ་རྭ་འཇམ་དབྱངས་བློ་གྲོས། རྭ་མ་ཏི་ས་མུ་དྲ། རྭ་ཚུལ་ཁྲིམས་རྣམ་རྒྱལ། རྭ་དོན་གྲུབ་ལེགས་པ། རྭ་ཀུན་དགའ་སྙིང་པོ། དེ་ལ་སྙིང་པོ་མཐའ་ཡས། ཡེ་ཤེས་རྒྱ་མཚོ། རིན་ཆེན་རྒྱ་མཚོ་གསུམ་གྱིས་ཞུས། གསུམ་ག་ལས་ཀུན་བཟང་དབང་པོ། དེ་ནས། ཀཿཐོག་པ་ཚེ་དབང་ནོར་བུ། བསྟན་པའི་ཉིན་བྱེད། དེས་ཚེ་དབང་ཀུན་ཁྱབ་དང་ལས་སློབ་ཀརྨ་མཆོག་དགའ་གཉིས། སྔ་མ་ལས་ཀརྨ་རཏྣར་བརྒྱུད་པ་དང་། ཕྱི་མ་དངོས་ལས་ཀརྨ་འོད་གསལ་འགྱུར་མེད། དེ་ལས་རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་ལའོ།