R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 95
[A:95] ༎ ་༎སློབ་དཔོན་ཨ་མོ་གྷ་བཛྲ་ས་བཀྲལ་བའི་འཇིགས་བྱེད་སྐྱོ་ལུགས་ཁྲོ་མོ་བརྒྱད་སྐོར་རམ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་ཐབས་དང་། རོ་ལངས་བརྒྱད་སྐོར་གྱི་དཀྱིལ་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་འོད་འབྱུང་། ཉི་མ་ཤེས་རབ། སྨོན་ལམ་ཚུལ་ཁྲིམས། ལྷོ་པ་ཀུན་མཁྱེན། རིན་ཆེན་བཟང་པོ། རྔོག་སེང་གེ་གྲགས་པ། རྔོག་ཚ་བྱང་ཆུབ་བསོད་ནམས། མཁས་གྲུབ་རྡོ་རྗེ་བཟང་པོ། ཐང་གླིང་ཨཱཪྻ་དེ་ཝ། གྲུབ་ཆེན་ཀུན་བློ། དགེ་བ་རྒྱལ་མཚན། སྐྱེས་མཆོག་རྒྱལ་མཚན། སྐྱེས་མཆོག་རིན་ཆེན། ཡེ་ཤེས་རིན་ཆེན། ལྷ་ཆུང་བ། རྗེ་བྱམས་པ་ལྷུན་གྲུབ། རྗེ་བཙུན་ཏཱ་ར་ནཱ་ཐ། རིན་ཆེན་རྡོ་རྗེ་མ། སྙིང་པོ་མཐའ་ཡས། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། བློ་གྲོས་བཟང་པོ། གཙུག་ལག་དགའ་བའི་དབང་པོ། ཚེ་དབང་ཀུན་ཁྱབ། ངེས་དོན་བསྟན་འཛིན། འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎གྲུབ་དབང་ལ་ལི་ཏས་བཀྲལ་བའི་འཇིགས་བྱེད་ཞང་ལུགས་ལྷ་ཞེ་དགུ་མའི་དཀྱིལ་འཁོར་དུ་ཆོས་རྒྱལ་འཕགས་པའི་སྒྲུབ་ཐབས་དང་། དཔའ་བོ་གཅིག་པའི་དཀྱིལ་ཆོག་གཉིས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། ཨ་མོ་གྷ་བཛྲ་ཆེ་བ། ཨ་མོ་གྷ་བཛྲ་ཆུང་བ། སྐྱོ་འོད་འབྱུང་གཙང་པ་ཡང་དག་འབར། གཙང་པ་ཡང་དག་