R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 99
[A:99] བཛྲ། སུ་མ་ཏི་ཀཱིརྟི། མལ་གྱོ་ལོ་ཙཱ་བ། ས་ཆེན་ཀུན་སྙིང་། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པཎ། གན་པ་ཆོས་རིན། གན་པ་རིན་རྒྱམ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། རྒོད་ཕྲུག་པ་གྲགས་པ་འབྱུང་གནས། དམར་སྟོན་ཆོས་ཀྱི་རྒྱལ་པོ། རྗེ་བསོད་ནམས་རྒྱ་མཚོ། ཞྭ་དམར་ཆོས་ཀྱི་གྲགས་པ། ཀརྨ་ཕྲིན་ལས་པ་དང་པོ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་།གྲགས་པ་དོན་གྲུབ། རྣམ་རྒྱལ་དཔལ་བཟང་། ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། ཀརྨ་ཉི་མ། ཕྲིན་ལས་པ། བླ་མ་སྐྱེས་མཆོག་ཞྭ་དམར་བརྒྱད་པ། སི་ཏུ་ཆོས་འབྱུང་། ཚེ་དབང་ཀུན་ཁྱབ། ཀརྨ་རིན་ཆེན། ཡེ་ཤེས་ཉི་མ། ཡོན་ཏན་རྒྱ་མཚོ། དེས་སོ། ། ་ ཇོ་ནང་གཤིན་རམས་ལྟར་ཐོབ་པའི་བརྒྱུད་པ་ནི། ས་པཎ་ཡན་གོང་ལྟར་ལ། དེ་ནས་ཆོས་རྒྱལ་འཕགས་པ། རྒ་ཨ་གཉན་དམ་པ། དགའ་ལྡན་ཀུན་དགའ་བསོད་ནམས། བླ་མ་རྡོ་རྗེ་དཔལ་བ། ཀཱིརྟི་གསང་ཆེན་པ། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྗེ། གྲགས་པ་རིན་ཆེན། གྲུབ་ཆེན་ཀུན་བློ། དགེ་བ་རྒྱལ་མཚན། ཀུན་སྤང་ཆོས་རྗེ། རྡོ་རིང་པ་ཀུན་དགའ་རྒྱལ་མཚན། ཏཱ་ར་ནཱ་ཐ་མན་དགྲ་ནག་ལྟར་རོ༎ ་༎དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཕྱག་མཚན་ཞེ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་ཐུགས་སྲས་ཀྱི་སྒྲུབ་ཐབས་དང་། བུ་སྟོན་གྱི་དཀྱིལ་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ་བཛྲ། སློབ་དཔོན་ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པའི་དཔལ། གྲུབ་ཆེན་པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ།