[A:100]
རཱ་ལོ་ཙཱ་བ་རྡོ་རྗེ་གྲགས། དེའི་སྲས་རཱ་ཆོས་རབ། རཱ་ཡེ་ཤེས་སེང་གེ་རཱ་འབུམ་སེང་། རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ་བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ་རིན་ཆེན་མཆོག་གྲུབ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། སྔགས་འཆང་དབང་དྲག་རྡོ་རྗེ། དུས་འཁོར་བ་འཇམ་དཔལ་བཟང་པོ། བླ་ཆེན་བྱམས་པ་སྨོན་ལམ་བསམ་གཏན། བྱང་གླིང་པ་ཡེ་ཤེས་དཔལ་འབྱོར། དགེ་སློང་བཀྲ་ཤིས་དཔལ་འབྱོར། བྲག་སྒོམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། ཞྭ་ལུ་བློ་གསལ་བསྟན་སྐྱོང་ངམ་དཔལ་ལྡན་ཚུལ་ཁྲིམས། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། རྗེ་བཙུན་རྒྭ་ལོ་ནས། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་སེང་གེ་མན་གོང་ལྟར་རོ༎ ་༎རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དཔལ་གྱི་ཉེ་བརྒྱུད། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་བདུད་ལས་རྣམ་རྒྱལ་གྱི་དཀྱིལ་འཁོར་དུ་རྗེ་རིན་པོ་ཆེའི་སྒྲུབ་ཐབས་དང་། སྐལ་བཟང་རྒྱ་མཚོའི་དཀྱིལ་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། གྲུབ་ཆེན་པདྨ་བཛྲ། མར་མེ་མཛོད་སྲུང་བ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ་རྭ་འབུམ་སེང་། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ་