[A:2b]པ་འདི་གནང་ནས༔ ད་ཁྱོད་སྡིག་ཆེན་ཡིན་པས༔ ཆུའི་ནང་དུ་འདུག་ལ༔ སྙིང་ཁ་མན་[B:534]ཆུས་ནུབ་པར་གྱིས་ལ༔ བཅོམ་ལྡན་འདས་མ་འདི་ལ༔ སྔགས་འབུཾ་འཚོ་ལྔ་བསྙེན་པ་སྐྱོལ་༡༔ ཞལ་མཐོང་ནས་ཆོས་སྟོན་པར་འགྱུརོ་གསུངས་ཏེ༔ དེ་ནས་བླ་མས་གསུང་བཞིན་བསྙེན་པ་བྱསོ༔ དེར་འབུཾ་གསུཾ་སོང༔ སྡིག་པ་འདག་རྟགས་དང༔ རྨི་ལཾ་ལསྭོ་པ་མ་བྱུང་ནས༔ མན་ངག་ལ་ཡིད་མ་ཆེས་པས༔ ཕྲེད་ཐག་གཅད་ནས༔ མཚོ་ནང་དུ་གཏོར་ནས་ཧར་ལངས་བྱས་ཏེ༔ ལོག་ནས་ཕྱིན༔ སྡིག་པ་དག་པའི་རྟཊ་མ་བྱུང་ཞུས་པས༔ བླ་མའི་གསུང་ནས༔ ཁྱོད་འདོད་ཐག་ཉེས་པ་ཡིན༔ ད་རུང་བསྒྲུབ་པ་གྱིས་༡་གསུངས་པས༔ ཡང་ལོག་ཕྱིན་པས༔ ད་ཅིགཏོར་བའི་ཕྲེང་པ་རྣམས་ཚང་པར་འདུག་ནས༔ དེར་ཤིན་དུ་ཡིད་སྤྲོ་ནས། རྩེ་༡་ཏུ འབུཾ་ཚོ་གཉིས་སྐྱེལ་བས༔ དེ་ནས་ནམ་ཐོ་རངས༔ བཅོམ་ལྡན་འདས་མ༔ མིའི་རྣམ་པར་སྤྲུལ་ནས་བུ་ཁྱོད་ཅི་འདོད་གསུང༔ སྡིག་པ་དག་ནས་གྲུབ་པ་ཐོབ་པ་༡་འདོད་བྱས་ནས༔ ཁྱེད་སུ་ཡིན་དྲིས་པས༔ བཟྲ་ཡོ་གི་ནི་ཧོ༔ ཅེས་པ་བོད་སྐད་དུ༔ རྡོ་རྗེ་རྣལ་འབྱོར་མ་ཡིན་གསུངས་པས༔ དེར་ཕྱག་བཙལ་ནས༔ ཁྱེད་བདག་གི་ལུས་ལ་དབྱེར་མེད་དུ་བཞུགས་སུ་གསོལ་ཞུས་པས༎ ང་ཁྱོད་ཀྱི་ལུས་ལ་གནས་ན༔ ངའི་གཟི་བརྗིད་ཀྱིས་ཁྱོད་མཐོང་པའི་སེམས་ཅན་རྣམས་རྡུལ་དུ་ཀླག་འགྲོ་བས་མི་བསྡོད་གསུང༔ འོ་ན་བདག་གི་མགོ་ལ་ཐེ་འོང་ཙམ་བཞུགས་