R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 3a
[A:3a]༄༎ པར་ཞུ་ཞེས་ཞུས་པས༎ གནང་སྟེ༔ རལ་པའི་ཁྲོད་དུ་བཞུགས་སོ༎ དེ་ནས་མུ་སྟེགས་པའི་ལྷ་ཁང་ཤ་ཁྲག་གི་མཆོད་སྦྱིན་བྱེད་པ་དང༔ རྒྱལ་པོ་གསོད་གཅོད་ལ་དགའ་བ་[B:535]རྣམས་དང༔ མུ་སྟེགས་མང་པོ༔ བརྫུ་འཕྲུལ་མཛད་ནས༔ ནང་པའི་བསྟན་པ་ལ་བཅུག་གོ། དེ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་བྱོན་ནས། རིགས་ཀྱི་བུ་སེམས་ཅན་ལས་ལ་སྤྱོད་པ་རྣམས་ཞི་བས་འདྲེན་པར་བྱོས་ཤིག། བཅོམ་ལྡན་འདས་ཀྱིས་ཀྱང་ཐབས་ཀྱིས་དོན་མཛད་པ་ཡིན་ནོ་གསུང་སོ༎ འདི་བི་རུ་པ་སྔོན་བྱུང་གི་ལོ་རྒྱུས་ཟུར་ཙམ་མོ༎་༎ད་ལྟ་དཔལ་ལྡན་བི་རུ་པ་ནི༔ སོག་པོའི་ཕོ་བྲང་པཎ་ཀྲུ་བའི་ཤར་ཕྱོགས་ན༔ མུ་དུ་ར་སུརའ་བྱ་བ༔ དེ་གཉིས་ཀྱི་བར་ན་དཔག་ཚད་༡་ཡོད་དོ༔ དེའི་གནས་དེ་ན༔ ད་ལྟ་བཞུགས་ཏེ༎ ཐོག་མར༔ ཛོ་གི་མང་པོའི་འཁོར་རྟེན་ནོ༎ དེར་ཐམས་ཅད་ཀྱིས་སྤྱོད་ལཾ་ལས་གྲུབ་ཐོབ་ཡིན་པར་འདུག་ཞེས་ལབས་པས༔ སོག་པོའི་རྒྱལ་པོ་གོ་ཡསྟིཾ༔ བྱ་བས་གྲུབ་ཐོབ་ཡིན་མིན་རྟག་གི་བོས་ཞེས༔ ཕོ་ཉ་སྔགས་ཏེ་རྒྱལ་པོའི་དྲུང་དུ་བོས་ནས༔ ཡན་ལག་བཞི་བསྡོམས་ལ་ཆུ་ལ་བསྐྱུར་ཟེར༔ སྐྱུར་བས་ཐག་པ་རང་པར་གྲོལ་ཏེ༔ ཆུའི་སྟེང་ན་ངང་པ་བཞིན་འདུག་གོ། དེར་ཆུས་མི་ནུབ་པའི་མན་ངག་ཡོད་པ་འདུག་པས། རལ་གྲིའི་བསྟུབས་ཟེར༔ རྒྱལ་པོའི་བཀའ་ཡིས༔ རལ་གྲི་མནུན་པས༔ ཁྲོ་ཆུའི་ཕ་བོང་ལ་རྒྱབ་པ་བཞིན༔ [B:536]