[B:༡༣༥ན][A:6][...]
Carving Colophon, f. 135a
སྭསྟི།
རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་མཁྱེན་བརྩེའི་གཏེར༎
མཉམ་མེད་འགྲོ་བའི་མི[ག]་གཅིག་ཙོང་ཁ་པ༎
དེ་ཡི་རླབས་ཆེན་སྤྱོད་པའི་རྒྱ་མཚོ་ལས༎
རྨད་བྱུང་མངོན་པར་རྟོགས་པའི་ཡིད་བཞིན་ནོར༎
གསུང་རབ་ཀུན་གྱི་སྙིང་པོ་ལེགས་བསྡུས་པ༎
འགྲོ་བའི་རེ་སྐོང་བྱང་ཆུབ་ལམ་རིམ་འདི༎
སྔོན་མེད་སྤར་དུ་ལེགས་པར་གྲུབ་པའི་ས༎
རྡོ་རྗེ་གདན་མཚུངས་ལྷ་སའི་བྱང་གི་ཕྱོགས༎
ཚངས་ཆེན་གནས་མཚུངས་བཀྲ་ཤིས་སྦེན་ཙ་འདིར༎
སྔོན་བསགས་དཔལ་གྱིས་མཐོ་བའི་དཔོན་འདིར་བ༎
ཡབ་ཡུམ་དད་པས་གཞི་རྟེན་ལེགས་པར་བསྒྲུབས༎
གཞན་ཕན་ཁུར་ཁྱེར་བླ་མ་འཇམ་ཉ[ག]་གིས༎
འབྱོར་ལྡན་ཀུན་ལ་དད་འབུལ་བསྐུལ་ཏེ་བརྫངས༎
ལེགས་པར་སྒྲུབ་པའི་དོ་དམ་ཡོན་ཏན་འོད༎[A:7]
སྐྱེས་བུ་འབྲིང་གི་བདག་རྐྱེན་དགེ་བསམ་དང༎
སྐྱེས་བུ་ཆུང་ངུའི་སྦྱིན་བདག་དཔོན་ནམ་ཡིན༎
དམ་ཆོས་འདིའི་ཕྱིར་སྒོ་གསུམ་རེ་རེས་ཀྱང༎
འཐུན་པའི་རྐྱེན་ལ་འབད་པ་གང་བགྱིས་པ༎
དེ་དག་ཀུན་ཀྱང་རྒྱལ་བའི་དམ་ཆོས་ཀུན༎
རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག༎
འཐུན་རྐྱེན་སྦྱོར་བའི་སྦྱིན་བདག་ཆེན་པོ་རྣམས༎
གན[ས]་སྐབས་བཞེད་དོན་ཆོས་བཞིན་འགྲུབ་པ་དང༎
མཐར་ཐུག་སངས་རྒྱས་གོ་འཕང་མྱུར་ཐོབ་སྟེ༎
འགྲོ་ཀུན་སངས་རྒྱས་ས་རུ་འདྲེན་པར་ཤོག༎
གཞན་ཡང་རྒྱལ་བ་འོད་དཔག་མེད༎
འཁོར་དང་བཅས་པ་མཐོང་བ་དང༎
ཡིད་ལ་དགའ་བ་རྒྱས་བཞིན་དུ༎
བདེ་བ་ཅན་དུ་སྐྱེ་བར་ཤོག༎
བྱང་ཆུབ་ལམ་གྱི་རིམ་པའི་གསུང་རབ་ལ༎
ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་ཤོག༎