R1247: བླ་མ་དགེ་སྦྱོང་ཆེན་པོའི་རྣམ་ཐར།

  • Pagination (Witness A): 249
[A:249]ལ་དད་པ་གསུམ་ལྡན་པའི། ཀུན་མཁྱེན་གསུང་གི་བདུད་རྩི་གསང་སྔགས་ཀྱི། དགའ་སྟོན་ཏིང་འཛིན་སྒོ་མང་ཟུང་འཇུག་གསུམ། དར་ཞིང་ཐུགས་ལ་རབ་ཏུ་བྱས་གྱུར་པའི། མཚན་ཅན་སྐྱེས་མཆོག་དེ་ཡིས་ལེགས་བསྐུལ་ནས། འདྲེན་པའི་རྣམ་ཐར་ཉི་མའི་གཟི་འོད་ལས། ཕྲ་བའི་ཟེར་གྱི་ཟུར་ཙམ་བདག་གིས་བཀོད། ནོངས་པ་ཅི་མཆིས་མཁྱེན་ལྡན་རྣམས་ལ་བཤགས། དགེ་བས་འགྲོ་ཀུན་བླ་མ་གུས་པ་བསྟེན་ནས། རྡོ་རྗེ་ཐེག་པའི་ལམ་གྱིས་གྲོལ་བོར་ཤོག ། བླ་མ་དགེའ་སྦྱོང་ཆེན་པོའི་རྣམ་ཐར་བརྫོགས་ཀྱིས་མི་ལངས་པ་ལས། མདོར་བསྡུས་པ་འདི་ནི། དེ་ཉིད་ཀྱི་བཀའ་དྲིན་ཐོབ་ཅིང་། མི་ཕྱེད་པའི་མོས་གུས་ཆེན་པོ་དང་ལྡན་པ། དགེའ་སློང་ཀུན་དགའ་དར་གྱི་གསུང་གིས་བསྐུལ་ནས། སྒོམ་ཆེན་རྒྱལ་བ་ཡེ་ཤེས་ཀྱིས་གུས་པས་བྲིས་པ། དགེ་ལེགས་སུ་གྱུར་ཅིག ། མཾ་ག་ལཾ།།