[A:71]
མཛད་པའི་ཚིག་བཅད་རྒྱུན་ཆགས། བསྟན་བཅོས་མདུན་ཕུགས་མ། ཟབ་མོ་གནད་ཀྱི་ཐོ་ཡིག །། རྒོད་ཚང་བའི་གསུང་སྒྲོས་བདུད་ལམ་ཁྱེར། སྣང་སེམས་ཀྱི་བཤད་པ། སྙིང་གཏམ་ཕྲེང་བ་ཕར་ཕྱིན་དྲུག་གི་བཤད་པ། སྦུད་ཏྲར་གསུངས་པའི་ཞལ་གདམས། སྨ་ཆེན་པོམ་རིའི་ཤར་ཕྱོགས་སུ་གསུངས་པའི་ཚིགས་བཅད། ཡང་སྦུད་ཏྲར་གསུངས་པའི་ཚིགས་བཅད་གསུམ། བདག་འཛིན་ལ་སྤྲིང་ཡིག་ཏུ་མཛད་པ། སྣི་བངས་ཀྱི་རི་ལ་མཛད་པའི་ཚིགས་བཅད་གཉིས། སྙིང་གཏམ་རྒྱུད་ཀྱི་སྙིང་གཏམ། གྲུབ་ཆེན་པའི་གསུང་སྒྲོས་བླ་མ་ཟླ་བས་ཟིན་བྲིས་སུ་མཛད་པ་ལ། རིན་པོ་ཆེ་གསེར་གྱི་ཕྲེང་བ། རིན་པོ་ཆེ་བཻ་ཌཱུ་ཕྲེང་བ། རིན་པོ་ཆེ་མེ་ཏོག་གི་ཕྲེང་བ་དྲུག་གསུམ་བཅུ་བརྒྱད། ཚོགས་ཆོས་རིན་ཆེན་ཕྲེང་བ། རིན་པོ་ཆེ་གཅེས་པའི་ཕྲེང་བ། རིན་པོ་ཆེ་སྒྲོ་ལ་མ། ཡེ་ཤེས་མགོན་པོའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། མཚན་བརྒྱ་རྩ་བརྒྱད་པ། རྩ་མི་སངས་རྒྱས་གྲགས་པས་མཛད་པའི་ནམ་མཁའ་ལྡིང་ཞེས་བྱ་བའི་བསྟོད་པ། བསིལ་ཚལ་དུ་དཔལ་རྒ། ལོས་བསྟོད་པ། ཆོས་སྐྱོང་གི་ལོ་རྒྱུས། རྩ་མིས་མཛད་པའི་ལྷ་མགོན་གཉིས་ཀྱིས་བསྟོད་པ་ལ་སོགས་རྣམས་ཐོབ། ལུང་རིགས་གདམས་པ་བསྟན་པའི་སྐུ་དྲིན་གཙོོ་ཆེ་བའི་བླ་མ་ནི། འཇམ་དབྱངས་ཤཀྱཱ་གཞོན་ནུ་ལ། སྤྱོད་འཇུག་གི་བཤད་པ། བྱུང་ཆུབ་སེམས་པའི་ལུགས་ལ་སོགས་རྣམས་ཐོབ། སློབ་དཔོན་བདག་ཉིད་ཆེན་པོ་དོན་གྲུབ་དཔལ་ལ། མངོན་རྟོགས་རྒྱན་འགྲེལ་ཆུང་དང་བཅས་པ་སྒོས་རྙིང་གི་བཤད་པ། ཐེག་པ་ཆེན་པོའི་ཏྲའི་ཁམས་སྟོན་པར་བྱེད་པ།