R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 137
[A:137] ༄༅ གུས་བླ་མའི་དུས་ཐབས་ཀྱིས། ས་ལམ་མངོན་རྟོགས་བྱིན་བརླབས་མཐུས་བསྒྲེད་དེ། ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཐུགས་ཞུགས་ནས། བླ་མའི་སྐུ་བཞི་ཡེ་ཤེས་ལྔ་ཐོབ་ཤོག །། དགེ་བ་འདི་ཡིས་དགེ་བ་ཀུན་བསྡུས་རབ་ཕུལ་བས། བླ་མེད་སྐྱབས་གནས་བླ་མའི་སྐུ་གསུང་ཐུགས་མཉེས་ཏེ། ཐུགས་རྗེ་མངའ་བའི་ཐུགས་རྗེས་བདག་ཅག་རྗེས་གཟུང་ནས། སྐྱོབ་པ་ཉིད་བཞིན་སྐྱོབ་མཆོག་རྒྱལ་བ་ཐོབ་གྱུར་ཅིག །། མི་མཐུན་རྐྱེན་ཞི་བསམ་ཀུན་ཆོས་བཞིན་འགྲུབ་པ་དང་། རྒྱལ་བའི་བསྟན་དང་བསྟན་འཛིན་ཕྲིན་ལས་རྒྱས་གྱུར་ཅིག །། བཀྲིས་དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲིས་ཀྱིས། སེམས་ཅན་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག །། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མའི་རྟེན། སངས་རྒྱས་གསུང་ཐུགས་བཞེངས་དཀར་ཆག་འདི། སངས་རྒྱས་བསྟན་པ་འཕེལ་ཕྱིར་བཟང་པོ་ཡིས། སངས་རྒྱས་ཐོབ་འདོད་བསམ་པ་དག་པས་བྲིས། རབ་མཆོག་རྟེན་རྣམས་རབ་བཞེངས་དེ་དག་ལ། རབ་གནས་ཆོ་ག་རབ་རྒྱས་མཛད་པའི་ཚེ། རབ་ཏུ་བྲིས་པའི་རབ་དཀར་དགེ་བ་རྣམས། རབ་ཏུ་འཕེལ་བས་རབ་ཏུ་བཀྲིས་ཤིས་ཤོག །། ཡི་གེ་དམར་སེར་ཁྲ་བོའི་མདོག །། ཚིགས་བཅད་སྤེལ་མ་ལྷུག་པའི་ཚིག །། རྣམ་ཐར་བསྡུས་འབྲིང་རྒྱས་གསུམ་ཡིན།། གང་གང་འདོད་པ་དེ་དེ་བླངས།། ཤུ་བྷམ།།