[A:74]
སྙིང་པོ་དོན་གྱི་ངོ་སྤྲོད་གསུམ་པ། ཆུ་འཛིན་གྱི་རོ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཡན་ལག་བདུན་པ། སིལ་སྙན་ལས་བྱུང་བའི་ཞལ་གདམས་བདུན་ཕྲག་བདུན་པ། རིན་ཆེན་དགུའི་གདམས་པ། ནག་པ་ཆེན་པོའི་སྒྲུབ་ཐབས་འཛབ་འགྱུར་བཅུ་བརྒྱད། རྣམ་ཐོས་སྲས་རྒྱ་ནག་མ། འཕགས་མ་སྒྲོལ་མས་དམ་བཅས་པའི་གཟུངས། བྱང་ཆུབ་སེམས་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་དོན་མདོར་བསྡུས་པ། བྱང་ཆུབ་སེམས་པའི་ལམ་མདོར་བསྡུས་ཀྱི་ས་བཅད། བྱང་ཆུབ་སེམས་དཔའི་ལམ་མདོར་བསྡུས་ཀྱི་ས། གདོན་བགེགས་ལྷར་སྒྲུབ་པའི་བཞེན་བསྐུལ། གདོན་བགེགས་ལྷར་སྒྲུབ་པའི་བཞེན་བསྐུལ་གྱི་རྣམ་བཞིའི་ཡིད་ཆེས། དམ་བཅའ་བཞི་བ། ཁྱད་པར་གྱི་ཡན་ལག་བདུན་པ། རྣལ་འབྱོར་ནང་གི་ཡན་ལག་བདུན་པ། མཚམས་སྦྱོར་རྣམ་པ་གསུམ། གཅེས་པ་བཞི། ཁྲོ་མོའི་དམ་བཅའ། མན་ངག་བདུད་རྩིའི་ཐིགས་པ་དགུ་པ། བདུད་རྩི་ཟིལ་པ། བཟོད་གསོལ་ཉི་ཤུའི་མགུར། བསྔོ་བ་རིན་ཆེན་ཟ་མ་ཏོག་སྟེ་ཡོངས་སུ་དྲིལ་བས། ཆོས་སྣ་བརྒྱ་དར་བཅུ་གཅིག །། སེམས་ཉིད་ངལ་གསོ་རྩ་འགྲེལ་གཉིས་ལ་སོགས་རྣམས་ཐོབ། དཔང་ལོ་ཙ་བ་བློ་སེམས་བརྟན་པ་ལ། མན་ངག་སྙེ་མ། བདེ་མཆོག་གི་སྒྲུབ་ཐབས། ཨ་བྷ་ཡས་མཛད་པའི་འཁྲུལ་སྤོང་། ཐུབ་པའི་དགོངས་རྒྱན། ཆོས་ཆུང་བརྒྱ་རྩར་གྲགས་པ་ལ། བྱང་ཆུབ་ལམ་གྱི་སྒྲོན་མ། སྤྱོད་པ་བསྡུས་པའི་སྒྲོན་མོ། བདེན་གཉིས་དབུ་མའི་མན་ངག །། སྙིང་པོ་བསྡུད་པ། སྙིང་པོ་ངེས་པར་བསྡུ་བ། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། སྤྱོད་པའི་གླུ། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་དང་།