R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥བ
[A:༦༥བ]དུ་བྱོན་ཏེ་མཛོ་ཕོ་ལྷས་པའི་བླ་མ་སངས་རྒྱས་བསྒོམ་པ་ཞེས་བྱ་བ་ལ་སྒང་ལོ་ཙཱ་བའི་ལུགས་ཀྱི་རྡོ་རྗེ་ཕྲེང་བའི་དབང་། འཕྲེང་བ་སྐོར་གསུམ་བོད་ཀྱི་ཡིག་ཆ་རྒྱས་པ་དང་བཅས་པ། མཁའ་འགྲོ་རྒྱ་མཚོའི་རྒྱུད། གཞན་ཡང་བདེ་མཆོག་གི་རྒྱུད་དང་ཆོས་སྐོར་མང་དག་ཞུས། ཁོང་ལ་ལམ་འབྲས་མི་གཅིག་པ་བཅུ་གཅིག་གི་བཀའ་ཡོད་པ་ལས་བླ་མ་འདིས་བདུན་ཐོབ་གསུངས་སོ། །དེ་ནས་བླ་མ་ཆོས་སྐུ་བའི་གདན་ས་ལ་དགེ་བཤེས་འོད་ཟེར་མགོན་པོ་བསྐོས་ནས་འདིའི་མགོ་འདོན་ཁྱེད་ཀྱིས་གྱིས་ཤིག་གསུངས་པ་ལ་བརྟེན་ནས་ཁོང་ལ་སློབ་གཉེར་བྱེད་པ་དང་། དབང་བཀའ་ལུང་བཀའ་སོགས་འབོགས་པ། བཤད་ཉན་གྱི་མགོ་འདོན་ལ་སོགས་པ་ལོ་འགའ་མཛད་དགོས་བྱུང་། དེ་དག་གི་བར་སེང་ལ་དྲང་སོ་ལུང་དུ་མཁན་ཆེན་ཀ་བཞི་པ་དཀོན་གཞོན་ལ་ལམ་རིམ། ལམ་སྒྲོན། བེ་བུམ་སྔོན་པོ་སོགས་དང་། དོན་ཡོད་ཞགས་པ་དང་། ཕག་མོའི་སྐོར་རྣམས་ཞུས། ཀ་བཞི་པ་ཐུགས་ཤེ་ལ་ཡང་མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ་ཚར་འགའ་ཟུང་མཉན་ཞིང་མངོན་པའི་གཞུང་ཕྲན་མང་པོའི་ལུང་ཡང་ཞུས། དེའི་ཚེ་སྔར་གྱི་དཔོན་དགེ་འདུན་ན་རེ། མཁན་ཆེན་ཀ་བཞི་པ་འགྲན་གྱི་དོ་མེད་ཡིན། གཞན་ཡང་མཁས་བཙན་བཟང་གསུམ་གྱི་དགེ་བཤེས་བརྒྱ་འཚོགས་སྟོང་འཚོགས་ཀྱང་། ང་ནི་ང་རང་གི་སློབ་མ་འདི་ཀ་ལ་མོས་ཟེར་ནས་དབང་དང་ཁྲིད་ཞུས་ཉམས་མྱོང་ཡང་བཟང་པོ་བྱུང་ནས་ཆེར་དད་པར་གྱུར་ཏོ། །དེ་ནས་བླ་མ་ཆོས་སྐུ་འོད་ཟེར་གྱི་བུ་ཆེན་སྲེའུ་ཆུང་གི་ལྕེ་བློ་ལྡན་སེང་གེའི་དྲུང་དུ་གསང་འདུས་རྔོག་