R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢ན
[A:༢ན]གསུངས་པའི་སྟོན་པ་ཕྱག་གི་གནས། །རབ་བརྗིད་ཡིད་འོང་སྲུང་འཁོར་གཞལ་ཡས་ནང་། །སྣ་ཚོགས་དབང་པོའི་གཞུ་ཡི་མདངས་འོད་ཅན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །གང་གི་ཟབ་དང་རྒྱ་ཆེའི་ཆོས་ཚུལ་རྣམས། །འཕགས་པའི་ཡུལ་དང་ལྗོངས་འདིར་འཕེལ་མཛད་པའི། །འཇམ་དཔལ་བཤེས་གཉེན་ཀླུ་སྒྲུབ་ཇོ་བོ་རྗེ། །འགོས་ལོ་ལ་སོགས་སྐྱེས་ཆེན་མཆོག་རྣམས་བསྔགས། །ཁ་བ་རི་པའི་སྐྱེ་དགུའི་བསོད་ནམས་ཞིང་། །རྡོ་རྗེ་འཆང་དབང་གཞན་ངོར་མི་ཡི་ཟོལ། །ས་སྐྱའི་བླ་ཆེན་ཀུན་དགའ་སྙིང་པོའི་ཞབས། །ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་བགྱིའོ། །འདུས་པའི་སྨིན་བྱེད་བདུད་རྩི་གསར་བའི་སྒོ། །དང་པོར་འབྱེད་མཛད་ཁ་ཆེའི་སྡོམ་བརྩོན་ཆེ། །དེ་སྲས་འཇམ་མགོན་ཀུན་དགའ་རྒྱལ་མཚན་ཏེ། །འགྲན་