R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢བ
[A:༢བ]བྲལ་ལོ་པཎ་བཀའ་དྲིན་བསམ་བཞིན་དད། །ལྷ་མིའི་སྟོན་པ་ཟས་གཙང་སྲས་པོ་ཡི། །ལུང་བསྟན་བདུད་རྩི་བརྙེས་པའི་ཨེ་ཝཾ་པ། །སློབ་མར་བཅས་སོགས་དཔལ་ལྡན་འདུས་པ་ཡི། །བསྟན་འཛིན་རིམ་པར་བྱོན་རྣམས་བསྔགས་པར་འོས། །འགྲོ་ལ་བདེ་སྐྱིད་འབྱུང་གནས་དཔལ་ས་སྐྱའི། །སྡེ་དང་བསྟན་པ་གདུང་བརྒྱུད་བཅས་པའི་རྒྱུན། །སྤེལ་མཛད་རྒྱལ་བའི་བསྟན་ལ་རྒྱལ་བ་ལྟར། །རབ་གྲགས་སྔགས་འཆང་ངག་གི་དབང་པོར་འདུད། །དམ་པ་གང་གི་རྒྱལ་ཚབ་ཐུགས་ཀྱི་སྲས། །བསོད་ནམས་མཐར་སོན་གྲུབ་པའི་དབང་པོ་དང་། །ཅི་མཛད་བསྟན་དང་འགྲོ་བའི་དོན་འགྱུར་བའི། །གྲགས་པའི་མཚན་ཅན་ཞབས་ཟུང་སྤྱི་བོས་མཆོད། །དཀྱིལ་འཁོར་གཙོ་བོ་མི་བསྐྱོད་རྡོ་རྗེ་ཡིས། །གདུལ་བྱའི་སྣང་ངོར་གསུམ་ལྡན་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་མུས་ཆེན་རྡོ་རྗེ་འཆང་། །རྗེ་བཙུན་བྱང་ཆུབ་སེམས་ཀྱི་རྡོ་རྗེར་འདུད། །མཁྱེན་རབ་ངག་དབང་ལྷ་དང་དབྱེར་མེད་ཅིང་། །ཆོས་ཀྱི་གྲགས་པ་འཛིན་མའི་ཁྱོན་ལས་བརྒལ། །མཁས་པའི་རྗེ་སོགས་འདུས་པའི་ཆོས་ཚུལ་གྱི། །བཀའ་དྲིན་ནོས་པའི་ཡོངས་འཛིན་མཆོག་རྣམས་བསྔགས། །དཔལ་ལྡན་གསང་གསུམ་འདུས་པའི་ཆོས་སྐོར་རྣམས། །འཕགས་པའི་ཡུལ་དང་བོད་འདིར་དར་བའི་ཚུལ། །ལེགས་བཤད་གསང་འདུས་ཆོས་ཀུན་གསལ་བ་ཡི། །ཉིན་མོར་བྱེད་འདི་ལྷག་བསམ་དག་པས་སྤེལ། །ཅེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ། འདི་དག་གི་མིང་གི་ཡི་གེ་མཐའ་མ་རྣམས་སོ། །ཞེས་