[A:༥༣ན]སྐྱོང་ཆེན་པོ་འདི་གཞན་ལས་མྱུར་ཞིང་རྩུབ་པའི་རྒྱུ་མཚན་ཞུས་པའི་ལན་དུ། སྤྱིར་ཆོས་སྐྱོང་དུ་མ་ཞིག་ལ་ཕྱི་ནང་གསང་གསུམ་གྱི་དབང་གིས། འཇིག་རྟེན་པའི་ཚུལ་འཛིན་པ་དང་། ཡེ་ཤེས་པ་གཉིས་གཉིས་ཡོད་ལ། ཁྱད་པར་འདི་ལ་ནི་འཇིག་རྟེན་པ་རང་རྒྱུད་ལ་ལྷ་དབང་ཕྱུག་ཆེན་པོའི་སྤྲུལ་པར་གྱུར་པའི་ཞལ་བཞི་པའི་གཙོ་འཁོར་དང་། དེའི་གཉེན་པོར་གྱུར་པའི་ཞལ་བཞི་པ་ཡེ་ཤེས་པ་གཉིས་ཡོད་དེ། དེ་ཡང་གདུལ་བྱ་ཤིན་ཏུ་རྩུབ་ཅིང་གཉན་ན། དེ་འདུལ་བྱེད་ཀྱང་ཤིན་ཏུ་ལྷག་པར་གཉན་ཅིང་རྩུབ་པ་ཞིག་འོང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་གཉིས་ཀ་གཉན་པ་ཡིན་ནོ། །དེ་ཡང་ད་ལྟ་རྩུབ་ཅིང་གཉན་པ་དང་། ཤིན་ཏུ་མྱུར་བ་ནི་ཕལ་ཆེར་འཇིག་རྟེན་པའི་ཞལ་བཞི་པའི་རྣམ་འགྱུར་ཡིན་པས་དེ་ལྟར་འོངས་པ་ཡིན་ནོ། །དེ་ཡང་སྔོན་ལྷ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པས་ད་ལྟ་གནང་བའི་ཞལ་བཞི་པ་འཁོར་བཅས་ཀྱི་བཀོད་པ་དང་ཚུལ་བཟུང་