[A:༥༣བ]ནས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་བསྡུད་ཅིང་ཤ་ཁྲག་ལ་ལོངས་སྤྱོད་པའི་ཚེ། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། དབང་ཕྱུག་ཆེན་པོ་འཁོར་བཅས་འདུལ་བར་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དབང་ཕྱུག་ཆེན་པོ་འཁོར་བཅས་ཀྱི་བཀོད་པ་ཇི་ལྟ་བར་སྤྲུལ་ནས། དབང་ཕྱུག་ཆེན་པོ་འཁོར་བཅས་ཀྱི་ལུས་ཀྱི་ཆ་བྱད་ཐམས་ཅད་འཕྲོགས་ཏེ་རང་གི་སྐུ་དང་རྒྱན་དུ་བྱས། ཁོང་རྣམས་ཀྱི་སྲོག་སྔགས་ཀྱི་ཐོག་མར་ཨོཾ་དང་། མཐར་ཧཱུྃ་ཕཊ྄་སྦྱར་བས་བྱིན་གྱིས་བརླབས་ཏེ་རང་གི་སྔགས་སུ་བྱས། དབང་ཕྱུག་གི་ཆུང་མ་རྣམས་འཕྲོགས་ཏེ་རང་གི་ཕྱག་རྒྱ་མར་བྱས། དེའི་ནང་ནས་གཡུང་མོ་ནི་ལྷ་མོ་ཨུ་མ་ཡིན་ནོ། །གནས་ཐམས་ཅད་འཕྲོགས་ནས་རང་གི་གནས་སུ་བྱས། ཁོང་རྣམས་དེ་ལྟར་ཚར་བཅད་ནས་རང་གི་བྲན་དུ་བྱས་སོ། །དེས་ན་ངེས་པའི་དོན་དུ་གདུལ་བྱ་དང་འདུལ་བྱེད་ངོ་བོ་གཅིག་ཀྱང་། གཞན་གྱི་སྣང་ངོ་ཙམ་དུ་འཇིག་