[A:༦༥ན]བྲག་སྟེང་པ་ལས་བརྒྱུད་དེ་ཡོད་དོ། །ལྷ་མོ་ལ་གཞུང་གཅིག་ཡོད་པ་དེའང་ལོ་ཙཱ་བ་ཆེན་པོ་ལས་བརྒྱུད་པ་ཡིན་གསུང་ངོ་། །ཞེས་འབྱུང་བས། ནག་པོ་ཆེན་པོ་ཉིད་ལས་ཐོབ་པ་ལྟར་བྲམ་ཟེ་ཆེན་པོས་ཡི་གེར་བཀོད་པའི་རྒྱ་གཞུང་། ཕོ་རྐྱང་གི་སྒྲུབ་ཐབས་ལོ་ཆེན་གྱིས་བསྒྱུར་བ། ལྷ་མོའི་ཕྱི་སྒྲུབ་ཀྱི་རྒྱ་གཞུང་གཉིས་དིང་སང་ཡོད་པ་དང་། གཞན་ལས་ཚོགས་སོགས་རྒྱས་པར་སྟོན་པའི་ཕོ་རྐྱང་གི་རྒྱ་གཞུང་ད་ལྟ་བཀའ་ནུབ་པ་ཞིག་དང་གསུམ་ལ་ངོས་འཛིན། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། ཕོ་རྐྱང་། མོ་རྐྱང་། སྦགས་སྒྲུབ་གསུམ་གྱི་མན་ངག་རྣམས་གནང་བ་ཡིན་གྱིས། མགོན་པོ་རང་གིས་མཛད་པའི་ཡི་གེ་དངོས་སུ་ཡོད་ཟེར་བ་མིན་ཞིང་། ཚོགས་བདག་གི་ཡིག་རྙིང་དུ་མགོན་པོའི་སྒྲུབ་ཐབས་གསུམ་བྱིན་ནས་སྒྲུབས་ཤིག་གསུངས་ནས་འདི་གནང་ངོ་། །ཞེས་ཡི་གེ་རྙིང་པ་རྣམས་ལས་འབྱུང་གིས་འདི་འབྲིང་པོའོ། །ཞེས་པའང་ཡི་གེ་མ་དག་པའམ་སྒྲོ་བཏགས་པས་