[A:༧༦བ]མོ་བཅུ་དྲུག་ལུས་ལ་བཀོད་ནས་བསྒོམ་པའི་སྒྲུབ་ཐབས་འཕྲིན་ལས་གསང་བར་གྲགས་པའི་གསང་སྒྲུབ། དབང་པོ་ཐ་མ་སྤྲོས་པ་ལ་དགའ་བའི་ཆེད་དུ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་པའི་སྒྲུབ་ཐབས་རྒྱས་པ་ནང་སྒྲུབ་ཏུ་གྲགས་པ། རྒྱུད་འཆད་ཐབས་ཀྱི་མན་ངག་ལའང་། མཛད་པ་པོ་སློབ་དཔོན་གྱི་ཆེ་བ་རྒྱུད་དང་འབྲེལ་བ་དང་། དེས་མཛད་པའི་སྒྲུབ་ཐབས་མཚན་དོན་གྱིས་ཁོག་དབུབས་པ་དང་། དེ་ཉིད་རྒྱས་པར་བཤད་པ་སྟེ། གཞུང་བཤད་པའི་གདམས་པ་ཡིག་ཆུང་དང་བཅས་པ་གསན། སྒྲུབ་ཐབས་ལ་བསྙེན་པའི་ཚུལ་དུ་སྒྲུབ་པ་བོད་པའི་མན་ངག་དང་། སྒྲུབ་པའི་ཚུལ་དུ་ཉམས་སུ་བླང་བ་རྦད་པའི་མན་ངག་དང་། ལས་སྦྱོར་གྱི་ཚུལ་དུ་ཉམས་སུ་བླང་བ་བསད་པའི་མན་ངག་གོ །ལས་མགོན་གྱི་སྐོར་ལ། གཅེར་བུ་ཟངས་གྲི་ཅན་ཞེས་བྱ་བ་སེང་གེ་ལ་བཞོན་པའི་མགོན་པོ་ནག་པོ་གྲི་ཐོད་འཛིན་པ། དུག་སྦྲུལ་གྱི་གདེངས་ཀ་ཅན་དཔའ་བོ་གཅིག་པར་སྒྲུབ་པ་དང་། དེ་ཉིད་ཀྱི་ཕྱོགས་