[A:༧༧ན]བཞིར་མགོན་པོ་ནག་པོ་བཞི། ལས་མཁན་ཀྵེ་ཏྲ་པཱ་ལ་དང་། སི་ཏ་པཱ་ལ་སྟེ་གཙོ་འཁོར་བདུན་པར་སྒྲུབ་པ་ལས་མགོན་ཆེན་པོའམ་བྲན་བདུད་གཤིན་རྗེ་ནག་པོར་གྲགས་པ་རྟ་ནག་ལ་ཞོན་པ། ལག་ན་ཁྲམ་ཤིང་རྩེ་མོ་གསུམ་པ་དང་། མི་སྙིང་དང་སྦྲུལ་ཞགས་འཛིན་པ། དེའི་ལྷ་མོ་རྐང་པ་གསུམ་མ་ལག་ན་མེ་ཕུང་ཐོགས་པ་དང་བཅས་པ། གཞན་ཡང་མགོན་པོ་ཕུར་བུའི་སྒྲུབ་ཐབས། སྤོགས་ཤིང་གནད་ལ་བོར་བའི་མན་ངག རྡོ་རྗེའི་ཚིག་གི་སྦས་པའི་མན་ངག་བརྒྱད་ལ་སོགས་པ་ཟབ་ཅིང་གསང་བའི་གདམས་པ་དུ་མ་ཞིག་ཡོད་དོ། །དེ་ལྟ་བུའི་ཆོས་སྐོར་རྣམས་གྱི་ལྗང་ལོ་ཙཱ་བས་བོད་ཡུལ་དུ་སྤྱན་དྲངས་ནས་བོད་ཀྱི་སའི་ཆ་སྟོད་དུ་མལ་ལོ་ཙཱ་བ་དང་། གྲུ་གུ་སྟོན་པ་དང་། སྐྱེ་མེད་ཇོ་གདན་དང་། ལྕེ་རིན་པོ་ཆེ་དང་། སྟུམ་སྟོན་བློ་གྲོས་གྲགས་སོགས་ལ་བརྒྱུད་པའི་ཆོས་སྐོར་ལ་སྟོད་ལུགས་སུ་གྲགས། མདོ་སྨད་དུ་བྱོན་ནས། ལྷང་འཆང་