[A:༨༠བ]རྡོ་རྗེ་ཤེས་རབ་ལྗང་ལོ་ཙཱ་བ་རྣམས་དང་མཇལ་ནས་མགོན་པོ་ལྷ་ལྔའི་དབང་དང་། ཆོས་སྐོར་ཅི་རིགས་པ་གསན་པ་ཡིན་ནོ། །ནཱ་རོ་པ་ནས་མར་པ་ལོ་ཙཱ་བ་ལ་བརྒྱུད་པའི་མགོན་པོ་ཕོ་རྐྱང་གི་རྗེས་གནང་། སྒྲུབ་ཐབས་ཙམ་དང་། ཁྱད་པར་མོ་རྐྱང་ལ་ཕྱི་སྒྲུབ་མུ་སྟེགས་ཀྱི་ལུགས་སུ་སྒྲུབ་པའི་རྗེས་གནང་། དེའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། ལོ་ཀ་ཤྲཱིས་བསྒྱུར་བ་སོགས་ཆ་ཚང་། གསང་སྒྲུབ་བིརྺ་པ་ནས་བརྒྱུད་པའི་མ་མོ་ཉེར་གཅིག་གིས་བསྐོར་བའི་རྗེས་གནང་ཐུན་མོང་མ་ཡིན་པ། དེའི་སྒྲུབ་ཐབས་ནཱ་རོ་པས་མཛད་པ་སོགས་ཆ་ཚང་བ། གཞན་ཡང་ལྷ་མོ་དྲག་མོ་རྐང་དུ་སྒྲུབ་པ། སྟག་ལ་བཞོན་པ། དཀར་མོ་ལ་བརྟེན་ནས་པྲ་དབབ་པ་སོགས་མན་ངག་ཟབ་ཅིང་རྒྱས་པ་ཡི་གེ་པོ་ཏི་གཅིག་གི་ལུང་དང་བཅས་པ་ཡོད། འདི་པའི་ལུགས་ཀྱི་དུད་སོལ་ལྷ་མོ་ཞེས་པའི་མིང་འདོགས། ལྷ་མོ་འདིའི་ཆོས་སྐོར་རྒྱ་གར་ནས་བོད་དུ་འགྱུར་