[A:༨༡ན]བ་ལ་སྲོལ་འདི་ལས་ཟབ་ཅིང་རྒྱས་པ་མེད་པ་ཡིན་ནོ། །དེ་ལྟར་བོད་འདིར་བྱུང་བའི་ཆོས་སྐྱོང་གི་ཆོས་བརྒྱུད་རྣམས་ཀྱི་ནང་ནས། བཤད་མ་ཐག་པའི་གྱི་ལྗང་ལུགས་དང་། འོག་ནས་འབྱུང་བའི་མལ་ལོ་ནས་བརྒྱུད་པ་གཉིས་གཙོར་གྱུར་པ་ཡིན་ལ། གཞན་ཡང་གོང་དུ་བཤད་པ་ལྟར་བཀའ་གཏེར་གྱི་ལུགས་མང་པོ་དང་། ཇོ་བོ་རྗེ། འབྲོག་མི། བ་རི་བ། གྱི་ཇོ། འགོས་ལོ། མར་པ། པཎྜི་ཏ་འཇམ་དབྱངས་ནས་བརྒྱུད་པ་སོགས་ཆོས་རྒྱུན་མི་འདྲ་བ་མཐའ་ཡས་པ་ཞིག་བྱུང་བར་སྣང་ངོ་། །དོན་འདི་དག་ལ་དགོངས་ནས་རྗེ་ཚར་ཆེན་གྱི་མགོན་པོའི་དྲི་བ་ལྷག་བསམ་རབ་དཀར་ལས། གཞན་ཡང་གངས་རིའི་ཁྲོད་ལ་འདི་གཉིས་ལས། །གཞན་པའི་གུར་གྱི་མགོན་པོའི་ཆོས་སྐོར་གྱི། །མན་ངག་བཀའ་གཏེར་དག་ལས་བརྒྱུད་གྱུར་པ། །གསལ་བར་གྱུར་པའི་ཚད་ལྡན་ཡོད་ལགས་སམ། །ཞེས་གསུངས་པའི་དགོངས་པའི་དོན་