[A:༨༢བ]གཡུའི་མཆུ་སྡེར་ཅན་ཞིག་ཉིན་མཚན་རྒྱུན་ཆད་མེད་པར་ངག་ནས་སྙན་པའི་སྒྲ་འབྱིན་ཞིང་འཕུར་ལྷབ་བྱེད་པ་ཞིག་སྣང་བ་ལ་བྱུང་། འཁྲུངས་པའི་དུས་སུ་སྔར་གྱི་བྱིའུ་ཆུང་དེ་ཡུམ་གྱི་སྤྱི་གཙུག་ནས་ཐིམ་པ་གསང་གནས་ནས་ཐོན་ཏེ། ཡུམ་ལ་སྐོར་བ་ལན་གསུམ་བྱས་ཏེ་ནམ་མཁའ་ལ་འཕུར་བ་རྨིས། དེ་ནས་རྟའི་ལོ་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་ལ་ཡུམ་སྙུང་ཝྃ་གི་ཞིང་ནར་མོ་གཅིག་གི་སྟེང་ན་ཡུར་མ་མཛད་ཅིང་ཡོད་པ་ཅུང་ཟད་སྐུ་ཁམས་མ་བདེ་ནས་ཞིང་གཉའ་རུ་བྱོན་པས། ཡུམ་གྱི་དཔུང་པ་གཡས་པ་ལ་རྨ་བྱ། གཡོན་པ་ལ་ཁུ་བྱུག སྤྱི་གཙུག་ན་ནེ་ཙོ་གཅིག་བབས་པས། ཡབ་ཀྱིས་འདི་འདྲའི་བྱ་འདི་རྣམས་གང་ནས་འོང་གསུངས་པས། གསུམ་ག་ཡུམ་ལ་ཐིམ་པས། ཁྱེའུ་མདོག་སྔོ་བ་བྱའི་གདོང་པ་དང་མིག་ཡོད་པ། ཕྱག་གཡས་པའི་མཐིལ་ན་འཁོར་ལོའི་རི་མོ་ཡོད་པ་གཅིག་བལྟམས་སོ། །ལོ་གཉིས་ལོན་པ་ན་ངག་ཏུ།