[A:༨༢ན]ཞང་པོ་ཀླུ་ལ་འབྲེལ་བས་ཀླུ་ཟོར་ཞེས་བྱ། ཡབ་ཀྱི་མཚན་ནི་བན་ཆེན་པོ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་བསྟན་པ་གཉིས་ལ་སྲས་ལྕམ་སྲིང་བཞི་འཁྲུངས་ཏེ། ཆེ་བ་ཤེས་རབ་དབང་ཕྱུག བར་པ་རིན་ཆེན་དབང་ཕྱུག ཆུང་བ་ཡོན་ཏན་དབང་ཕྱུག ལྕམ་མོ་ཤེས་རབ་མཚོ་རྣམས་ལས། ཤེས་རབ་དབང་ཕྱུག་གིས་ཁྱིམ་པའི་ཆ་ལུགས་བཟུང་། ཆུང་བ་ཡོན་ཏན་དབང་ཕྱུག་རབ་ཏུ་བྱུང་ནས་བསམ་གཏན་ལ་བརྩོན་པར་གྱུར། ལྕམ་དགེ་སློང་མར་གྱུར་ནས་གསང་སྔགས་ཀྱི་ཆོས་ལ་ཉམས་བཞེས་མཛད་པས་གྲུབ་པ་བརྙེས་པའི་རྣལ་འབྱོར་མ་ཆོས་ཀྱི་སྒྲོན་མ་ཞེས་བྱའོ། །བར་པ་རིན་ཆེན་དབང་ཕྱུག་ནི་ལོ་ཙཱ་བ་ཆེན་པོ་ཉིད་ཡིན། འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་སྣང་བ་ལ་ཕྲག་པ་གཡས་པ་ལ་ཉི་མ། གཡོན་པ་ལ་ཟླ་བ། སྤྱི་གཙུག་ན་གསེར་གྱི་བྱིའུ་ཆུང་