[A:༨བ]ཁམས་དཀར་པོ་བསྐྱེད་པ་དང་། ཁམས་གསུམ་པ་བསྐྱེད་པའོ། །ཞེས་གསུངས། དེ་དག་ལ་གནད་དུ་བསྣུན་ཚུལ་ཡང་། ལེའུ་ཞེ་བཞི་པར། སྟེང་འོག་གི་རླུང་ཡང་དག་པར་བསྣན་ཏེ། ལྟེ་བའི་དབུས་སུ་བསྒོམས་ན་ཟླ་བ་དྲུག་གིས་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་དང་། དགང་བ་དང་། དབྱུང་བ་དང་། བུམ་པ་ཅན་རིམ་པ་ཇི་ལྟ་བ་དྲན་པར་བྱས་ནས། ཟླ་བ་ཕྱེད་ཀྱིས་མཁའ་སྤྱོད་འགྲུབ་པར་འགྱུར་རོ། །ཞེས་དང་། ལེའུ་ཞེ་བརྒྱད་པ་ལས། ཤེས་བྱ་ཐམས་ཅད་ལྟེ་བའི་རྩ་འཁོར་དུ་མནན་ན་འགྲོ་བ་རྣམས་ཀྱིས་བདེ་བ་ཐེ་ཚོམ་མེད་པར་ཐོབ་པ་ནི། ཡུལ་རྣམས་ཡེ་ཤེས་ཀྱི་མེས་བསྲེགས་པས་སྒྱུ་མར་སྣང་བའོ། །ཞེས་གསུངས། ཁྲོས་རྒྱུད་ལས། དཀྱིལ་འཁོར་ལྷ་ལུས་ཉིད་ཡིན་ནོ། །གཞན་དུ་ལྷ་དང་དཀྱིལ་འཁོར་ནི། །བཙལ་བས་རྙེད་པར་མི་འགྱུར་ཞེས། །འདྲེན་པ་དཔའ་བོས་རྟག་ཏུ་གསུངས། །ཞེས་དང་། རྟག་ཏུ་སྒྲུབ་པ་པོ་