[A:༩ན]རྣམས་ཀྱི། །ལུས་ལ་ཡང་དག་གནས་ནས་ནི། །དངོས་གྲུབ་སྟེར་བྱེད་སྟོབས་མཆོག་བྱེད། །ཅེས་གསུངས་སོ། །གསུམ་པ་ནི། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་འགག་གནས་གསུམ་དང་བྲལ་བ་གསལ་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་འདི་ཉིད་དོ། །དེ་སྐད་དུ་ཡང་ཁྲོས་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་གསང་བ་ལས། །དྲག་པོ་ཀུན་གྱི་སྲོག་གྱུར་པ། །ཞེས་དང་། དྭངས་སྙིགས་ལས་ནི་རྒྱུ་འབྲས་ཀྱི། །གནས་པ་ཁྱད་པར་རྟེན་འབྲེལ་གྱི། །འཁྲུལ་དང་འཁྲུལ་པ་མ་ཡིན་པ། །ཁམས་གསུམ་ཀུན་ལ་དབང་བྱེད་པ། །ཞེས་གསུངས་སོ། །བཞི་པ་གོ་འཕང་གི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། ཡེ་ཤེས་ཀྱི་མགོན་པོ། ཆོས་སྐྱོང་གི་མགོན་པོ། འཇིག་རྟེན་གྱི་མགོན་པོའོ། །དང་པོ་ནི། ཆོས་སྐུ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བ་མགོན་པོ་རིགས་ལྔ་ལ་སོགས་པ་རྣམས་སོ། །གཉིས་པ་ནི།