[A:༨༧ན]ཟེ་རྒན་པོ་གཅིག་དང་འཕྲད་པས། དེས་ཕྱག་གི་རི་མོ་ལ་བལྟས་ཏེ་ཅང་མི་ཟེར་བར་ཁྱིམ་དུ་སོང་། རེ་ཞིག་ནས་དངུལ་གྱི་སྤོས་ཕོར་མེ་ཏོག་གིས་ཕྱུར་བུར་བཀང་བ་གཅིག་ཁྱེར་བྱུང་ནས་ཕུལ། ཕྱག་བཙལ་ཐུ་བ་ནས་བཟུང་སྟེ་ཤིས་པ་བརྗོད། ཁྱེད་ཚེ་རབས་དུ་མར་ཚོགས་བསགས་པའི་ལས་ཅན་ཞིག་སྟེ། ཚེ་འདི་ལའང་ཆོས་མང་པོ་ཤེས་ནས་སེམས་ཅན་ལ་ཕན་ཐོགས་པར་འདུག་ཟེར་ནས་སོང་། དེར་རྐང་མགྱོགས་ཡིད་བཞིན་ནོར་བུ་བསམ་འཕེལ་བྱ་བ་མཁྱེན་ནས། གྲོང་ཁྱེར་ཏ་མ་ལ་སིནྟྲར་བྱོན་ནས། པཎྜི་ཏ་ཆེན་པོ་ཤྲདྡྷ་ཀ་ར་ཝརྨཱ་དང་མཇལ་ཏེ་ཆོས་ཞུ་བའི་གསོལ་བ་བཏབ་པས་ལོ་གཉིས་ཀྱི་བར་དུ་ཡོ་གའི་རྒྱུད་སྒྲུབ་ཐབས་དུ་མ་གསན་ཅིང་བསྒྱུར། པཎྜི་ཏ་གཞན་ལའང་ཆོས་མང་པོ་གསན་ཅིང་ཐུགས་སྦྱོང་མཛད་དོ། །དེ་ནས་ཡུལ་དུ་འབྱོན་པར་འདོད་པའི་ཚེ། རྨི་ལམ་དུ་བོད་ཀྱི་མི་གཅིག་གིས་རྒྱ་མཚོའི་ནང་ནས་ནོར་བུ་མང་དུ་རྙེད་ནའང་།