[A:༨༩བ] བླ་ཆེན་བྱང་ཆུབ་ཡེ་ཤེས་འོད་ཀྱིས་ཐོ་ལིང་གི་གླིང་ཕྲན་བཅུ་གཉིས་བཞེངས་པ་དང་། མང་ཡུལ་དུ་ཉར་མ་བཞེངས་པ་སྟེ། དེ་གསུམ་གྱི་རྨང་ཞག་གཅིག་ལ་བཏིངས་པ་ཡིན་ནོ། །དེར་རྒྱ་གར་ནས་བོད་དུ་བྱོན་ཏེ་ལོ་བཅུ་སོང་བ་དང་། བླ་མ་ལོ་ཙཱ་བས་ལོ་ཆུང་ལེགས་པའི་ཤེས་རབ་སོགས་བུ་སློབ་ཀྱི་ཚོགས་དུ་མ་དང་བཅས་པས། སྙུང་ཝྃ་དུ་སྔར་བཤད་པ་བཞིན་ཡབ་ཀྱི་དོན་དུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བདུན་བཞེངས། ཡུམ་སྐུ་ཚེ་བསྲིང་བའི་དོན་དུ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་བདུན་བཞེངས་པས། ཡུམ་སྙུང་གཞི་མེད་ཅིང་དགུང་ལོ་བཅོ་བརྒྱད་སྐུ་ཚེ་བསྲིངས་སོ། །དེ་ནས་པུ་ཧྲངས་ཀྱི་ཁྭ་ཆར། གུ་གེའི་ཐོ་ལིང་། མང་ཡུལ་གྱི་ཉར་མ་སྟེ། གཙུག་ལག་ཁང་གསུམ་ཆར་དུས་གཅིག་ལ་རབ་གནས་མཛད་པས། ཁོང་རྣམས་སོ་སོ་ངེད་ཀྱི་ཡུལ་ནས་རབ་གནས་མཛད་ཅེས་གླེང་ཞིང་ཁ་མ་འཆམས་པར་ལོ་ཙཱ་བ་ཆེན་པོ་རང་ལ་ཞུས་པས། སོ་སོར་བདེན་ཏེ་གསུམ་ག་ན་ང་ཡོད་ཅེས་