[A:༩༠ན]གསུངས་སོ། །དེ་ནས་བླ་མ་ཆེན་པོ་བྱང་ཆུབ་སེམས་དཔའི་ཞལ་ནས། ལོ་ཙཱ་བ་ཆེན་པོ་ཁ་ཆེར་བཞག་པའི་དཔེ་རྣམས་ལེན་པ་དང་། ལྷ་བཟོ་བ་མཁས་པ་རྣམས་འབོད་པར་འབྱོན་འཚལ་ཞེས་ཞུས་པས་ཞལ་གྱིས་བཞེས། བྱང་ཆུབ་སེམས་དཔའི་ཞལ་ནས། ད་བླ་མ་ལ་རྫོངས་སུ་རྟ་དང་གླང་པོ་ཕུལ་ན་ནི་འཕྲང་དོག་པས་མི་ཐར། གསེར་དངུལ་ཕུལ་ན་མི་ཐེག་པས་རིག་པ་ཅན་གྱི་ཁྱེའུ་ལྔ་ཉེ་གནས་སུ་བརྫངས། རུས་སྣ་བརྒྱད་ཡོན་དུ་ཕུལ་ནས་ཡང་ཁ་ཆེར་བྱོན། བླ་མ་ལོ་ཙཱ་བའི་ཐུགས་དགོངས་ལ་ངས་ཆོས་བསླབས་ཤིང་སེམས་ཅན་གྱི་དོན་བྱེད་པ་འདི་ཕ་མ་ཡབ་ཡུམ་གཉིས་ཀྱི་དྲིན་ལན་སྙམ་དུ་དགོངས་ནས། ཁ་ཆེར་ཡབ་ཀྱི་དོན་དུ་རྟེན་ཁྱད་པར་ཅན་བཞེངས་པའི་རྒྱུ་ལ་གསེར་སྲང་ཉི་ཤུ་ཙམ་བསྣམས་ནས་བྱོན། ཁ་ཆེ་རང་དུ་ར་གན་གྱི་སློང་མོ་མཛད་པས་མང་དུ་རྙེད་ནས་ལྷ་བཟོ་བ་མཁས་པ་བྷེ་ཏུ་ཀ་བྱ་བས་ཡབ་ཀྱི་སྐུ་ཚད་དང་མཉམ་པའི་ཐུགས་རྗེ་ཆེན་པོའི་