[A:༩༤བ]མེད་དུ་གཤེགས་ཟེར་ཏེ། དེར་ནི་སྒྲུབ་པ་ལོ་གཅིག་ལས་མ་མཛད་པས་དེ་ནས་གཤེགས་པ་ནི་མིན། ཝིང་གོར་དུ་ལུག་གི་ལོ་དགུང་ལོ་དགུ་བཅུ་རྩ་བརྒྱད་བཞེས་པ་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་སྐར་མ་རྟ་པ་ཡོད་པའི་ཉིན་མཁའ་སྤྱོད་དུ་གཤེགས་པ་ཡིན་ནོ། །ཡང་པུ་ཧྲངས་ཀྱི་རྡོ་མི་ཅིའི་བྲག་ཕུག་དང་། ཤྲཱི་ཝང་གཡང་སྐུར་དང་། ཁོ་ས་རྩེ་གོང་དང་། མཁར་རྩེ་ཝི་གོང་ནས་གཞན་དོན་ལ་གཤེགས་པ་སོགས་ཚུལ་ཐ་དད་པར་བསྟན་པ་ཡིན་པས་དོན་ལ་འགལ་བ་མེད་པར་སེམས་སོ། །དེ་ནས་ཀ་བཞི་གདུང་བརྒྱད་ལ་སོགས་པ་གྲྭ་བ་བུ་སློབ་རྣམས་ཀྱིས་གདུང་སྦྱངས་པས། སྐུ་གདུང་གི་དངོས་པོ་ཉུང་འབྲུ་ཙམ་ཡང་མ་བྱུང་། འཇིག་རྟེན་གྱི་མཐུན་འཇུག་ཙམ་དུ་རིང་བསྲེལ་ཤིང་ཏོག་འོ་མ་སེའི་མདོག་ལྟར་ཤིན་ཏུ་དམར་བ་གསུམ་བཞི་བྱུང་ནས། དེ་ཡང་མཁའ་ལ་རོལ་མོའི་སྒྲ་འབྲུག་ལྟར་སྒྲོག་ཅིང་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་ཟླ་བ་གཅིག་