[A:༩༤ན]མཛད་པས་དམ་བཅའ་རྣམས་མཐར་ཕྱིན་ཏེ། ཆོས་སྐུ་སྤྲོས་བྲལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་སོ། །གཞན་ཡང་གནས་ཁྱད་ཅན་རྣམས་སུ་བསྒྲུབ་པ་ཡང་དག་མཛད་དོ། །དེ་ནས་ལོ་ཆུང་རྣམ་པ་གསུམ་གྱིས་མང་འོར་ལོ་ཙཱ་བ་བྱང་ཆུབ་ཤེས་རབ་ལ་ཏི་ཡག་སྩལ་ཏོ། །འཇང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་ལ་ཚང་མེད་སྩལ། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ལ་རི་ཧི་སྩལ་ཏོ། །འདི་ལྟ་བུའི་ལོ་ཙཱ་བ་ཆེན་པོ་སྐུ་བལྟམས་པའི་དུས་སུ། ཡུམ་གྱི་དཔུང་པ་གཡས་པར་རྨ་བྱ་བབས་པ་ནི་ཀུན་ཚང་ལ་མཛེས་པའི་དོན་ཡིན། གཡོན་པ་ལ་ཁུ་བྱུག་བབས་པ་ནི་དམ་ཆོས་ཀྱི་གསུང་སྙན་སྒྲོགས་པའི་དོན་ཡིན། སྤྱི་གཙུག་ཏུ་ནེ་ཙོ་བབས་པ་ནི་རྒྱ་བོད་ཀྱི་ལོ་ཙཱ་མཛད་པའི་དོན་ཡིན། ལོ་ཙཱ་བ་ཆེན་པོ་འདི་ཉིད་གནས་གང་ནས་མཁའ་སྤྱོད་དུ་གཤེགས་སྙམ་ན། ཁ་ཅིག་ལྡིང་ཕའི་ཆུ་ལྷ་རྫིང་ནས་སྒྲུབ་པ་མཛད་དེ་རྡོ་རྗེའི་ཁ་ནས་ཕུང་པོ་ལྷག་