[A:༩བ]མཐོང་ལམ་ནས་ས་ཕྱེད་དང་བཅུ་གསུམ་གྱི་བར་ཅི་རིགས་སུ་གནས་པའི་ཚུལ་འཛིན་པ་འདོད་ཁམས་དབང་ཕྱུག་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ལྷ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ་ལ་སོགས་པ་འཇིག་རྟེན་པའི་ཚུལ་ཅན་རྣམས་སོ། །དེ་དག་ཀྱང་ཁྲོས་རྒྱུད་ལས། འཇིག་རྟེན་ཆོས་དང་ཡེ་ཤེས་ཀྱི། །མགོན་པོའི་ཁྱད་པར་མངོན་དུ་འབྱུང་། །ཞེས་པས་བསྟན་ནོ། །འདི་ལ་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་གསུང་ལས། དེ་ཡང་ཡེ་ཤེས་ཀྱི་མགོན་པོ་ནི་རྒྱལ་བ་རིགས་ལྔ་ལ་སོགས་པ་ལོངས་སྤྲུལ་གྱི་ཆ་བྱད་ཅན་གྱི་སངས་རྒྱས་རྣམས་སོ། །ཆོས་སྐྱོང་གི་མགོན་པོ་ནི། ས་ལ་གནས་པའི་བྱང་སེམས་མཐའ་དག་དང་། ཁྱད་པར་དུ་ནི་གུར་མགོན་ལྕམ་དྲལ་ལ་སོགས་པ་འདས་པའི་ཚུལ་བཟུང་བའི་ཆོས་སྐྱོང་རྣམས་སོ། །འཇིག་རྟེན་པའི་མགོན་པོ་ནི་དོན་ལ་འདས་པ་ཡིན་ཀྱང་རྣམ་པ་འཇིག་རྟེན་པའི་ཚུལ་བཟུང་བའི་