[A:༡༣ན]མངོན་པའི་ང་རྒྱལ་བྱེད་དོ། །དེ་ལ་དེ་བཞིན་གཤེགས་པས་དགེ་སློང་ཁྱོད་ལོག་པའི་ང་རྒྱལ་དེ་ལྟ་བུ་བྱེད་པར་མི་རིགས་ཏེ། དཔེར་ན་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོ་དེས་ལྷ་ཐམས་ཅད་ལས་བདག་སྟོབས་ཆེའོ་སྙམ་པའི་ང་རྒྱལ་གྱིས་རི་རབ་ཀླད་ལ་བསྐོར། རྒྱ་མཚོ་ཆེན་པོ་དབུགས་ཀྱིས་རྔུབ། དགའ་བོ་དང་ཉེར་དགའ་ལ་སོགས་པའི་ཀླུ་ཆེན་པོ་རྣམས་རྒྱན་དུ་བྱས། ཉི་ཟླ་ཐོད་དུ་བཅིངས། ལྷ་ཕྲན་ཟས་སུ་ཟའོ། །དེ་ལྟ་བུའི་སྟོབས་དང་ལྡན་ཞིང་། བདག་ནི་འཇིག་རྟེན་འདི་ན་སྟོབས་ཆེ་བ་ཡིན་ནོ་སྙམ་པའི་ང་རྒྱལ་བྱེད་མོད་ཀྱང་། དེ་བཞིན་གཤེགས་པའི་སྟོབས་ནི་ནམ་མཁའ་དང་མཉམ་ལ། དེའི་སྟོབས་ནི་རྩྭའི་རྩེ་མོའི་རྡུལ་ཕྲན་ཙམ་དུ་ཟད་དོ། །དགེ་སློང་ཁྱོད་ཀྱང་དེ་དང་འདྲ་བས་མངོན་པའི་ང་རྒྱལ་མ་བྱེད་ཅིག ཅེས་གསུངས་པས། དགེ་སློང་དེ་སེམས་ཤིན་ཏུ་དམན་པར་གྱུར་ནས། བདག་ནི་དེ་བཞིན་གཤེགས་པའི་འཁོར་དུ་གནས་པ་ལ་དགོས་པ་ཅི་