[A:༡༥༡ན]རྗེ་ལུས་ལ་གནད་དུ་བསྣུན་པ་གསང་བའམ་ནང་གི་མན་ངག སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་གསུམ་ལས། དང་པོ་ནི། ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་དུ་བརྒྱུད་པའི་ལོ་རྒྱུས་ཀྱི་སྐོར། ནུས་ལྡན་དུ་བྱ་བ་རྗེས་གནང་གི་སྐོར། རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་སྐོར། གསལ་བྱེད་དུ་གྱུར་པ་ལྷན་ཐབས་སམ་ཡན་ལག་གི་སྐོར། འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་བསྐང་བ་བསྟོད་བསྐུལ་གྱི་སྐོར་རྣམས་སུ་ཡོད་ཅིང་། གཉིས་པ་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའམ་ནང་གི་མན་ངག་སྟེ། དེ་ཡང་རྩ་གསུམ་འཁོར་ལོ་ལྔའི་སྒྲུབ་གཞི་ལ། བསྒྲུབ་བྱ་ལས་བཞིའི་མགོན་པོ་བཀོད་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གི་ཚེས་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པའི་ཐབས་དང་། དེའི་ཆ་རྐྱེན་ལས་བཞི་བྱེ་བྲག་ཏུ་སྒྲུབ་པའི་ཐབས་ཆེས་ཟབ་པ་ཞིག་ཡིན་པ་འདི་ཉིད་སྟོན་པའི་མན་ངག་གི་སྐོར་རྣམས་ཡིན་ཞིང་། གསུམ་པ་སྙིང་ནང་གི་ཁྲག་ལྟ་བུའི་