[A:༡༥༡བ]མན་ངག་ལ་གཉིས་ཡོད་དེ། རི་སུལ་གྱི་རྣལ་འབྱོར་མས་བླ་མ་གཉན་ལ་གདམས་པའི་ཐུན་མོང་མ་ཡིན་པའི་ཤོག་རིལ་ཉེར་གཅིག་དང་། དེ་ལས་ཟབ་པའི་མན་ངག་གི་སྐོར་གཉིས་ལས། ཕྱི་མ་ལ་ལས་བཞིའི་མགོན་པོའི་སྒྲུབ་ཚུལ་སོགས་མན་ངག་མཐའ་ཡས་པ་ཞིག་བཞུགས་ཤིང་། གཞན་ཡང་ཞལ་གདམས་སྙིང་གི་དུམ་བུར་གྲགས་པའི་སྐོར་རྣམས་དང་། དེ་རྣམས་ལས་ཀྱང་ཆེས་ཟབ་པ་ཡང་གསང་ཧ་ལ་ནག་པོའི་བེའུ་བུམ་མ་ཡིག་བུ་ཡིག་དང་བཅས་པ་སོགས་མདོར་ན་མཐུ་ལྡན་གཉན་གྱི་མགོན་པོ་གདོང་བཞི་པའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་ཞིག་རྗེ་བཙུན་ས་སྐྱ་པ་རྣམས་ལས་བརྒྱུད་དེ། ད་ལྟའི་བར་དུ་རྒྱུན་མ་ཆད་པར་བཞུགས་པའི་ཆོས་སྐོར་དེ་ཐམས་ཅད་མ་ཚང་བ་མེད་པ་ཁོ་བོ་ཅག་གིས་དོན་གཉེར་ཆེར་བགྱིས་ནས་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་དག་ལས་ལེགས་པར་ནོས་པ་འདི་ཡང་བླ་མ་དང་བསྟན་སྲུང་གི་ཐུགས་རྗེ་ལས་བྱུང་བར་ངེས་ལ། ཞིང་སྐྱོང་དུར་ཁྲོད་བདག་པོའི་ཆོས་སྐོར་རྣམས་