[A:༡༥༤ན] དེར་དང་པོ་ཆོས་ལ་འོང་ལུགས། རྒྱ་གར་དུ་ཕྱིན་པ་ཁམས་འདུས་བྱུང་ཚུལ་སོགས་བཤད་ནས་གེགས་སེལ་ཞུ་ཟེར་བ་ལ། དབང་ནི་ཙ་མིས་བསྐུར་བས་གོ་ཆོད་པ་མཛད་ནས། དེ་མ་ཐག་གདམ་ངག་བསྟན་ཏེ་བསྒོམས་པས། སྔར་གྱི་སྒོམ་གྱིས་བརླན་ཡོད་པ་དང་། སྙིང་རུས་ཆེ་བས། དམིགས་པ་ལན་གཅིག་གཉིས་རང་གིས་བསངས་དྲག དེར་རྒ་ལོས་བརྒྱད་སྟོང་པ་གཅིག་སྤྱི་བོར་བཞག་ནས། རྒྱ་བོད་གཉིས་ན་ཁྱོད་ལས་གདམ་ངག་ཆེ་བ་ཡོད་རེ་ཟེར་མ་བསྒགས་པའི་མནའ་ཞིག་བསྐྱལ། དེ་ནས་བླ་ཆེན་གྱིས། ད་ཁྱེད་ལ་ཡོན་ཏན་ཞིག་སྐྱེས་པས་ཙ་མི་ཅན་སོང་ལ་སྒོམས་གསུངས་པས། དེ་ཙ་ན་སོས་ཀ་ཡིན་པས་ཚད་པ་བྱུང་གིས་དོགས་ནས་དགུན་འགྲོ་སྙམ་ཙ་ན་གྲུབ་ཐོབ་ཡིན་ཟེར་གྲགས་པ་ཆེན་པོ་བྱུང་། ཆག་སྟོད་འབྲོག་པས་སྤྱན་དྲངས། རྒྱ་གར་ལ་ནི་མ་ཐོན། དེ་ནས་བརྒྱུད་དེ་དབུས་ཀྱི་བྱང་སྐྱབས་སུ་བྱོན། ཤ་ར་བ་དང་