[A:༡༥༧ན]ཆེན་ལྔའི་ནང་ནས་མཆོག་ཏུ་གྱུར། གཞན་ཡང་འགོས་ལོ་ཙཱ་བ་ལ་གསང་འདུས་ཀྱི་སྐོར་གསན། ཨུ་རྒྱན་གྱི་པཎྜི་ཏ་ཤེས་རབ་གསང་བ་ལ་ཐིག་ལེ་ལྔའི་སྐོར། རྨ་ལོ་ཙཱ་བ་ལ་བདེ་མཆོག་དང་གྲུབ་རྙིང་གི་སྐོར་ལ་སོགས་པ་གསན། གཞན་ཡང་མལ་ལོ་ཙཱ་བ། བ་རི་ལོ་ཙཱ་བ། པུ་ཧྲངས་ལོ་ཙཱ་བ། གནང་ཁ་འུབ་པ་སྐུ་མཆེད། འཁོན་དགེ་ཚུལ། སྐྱུ་ར་ཨ་སེང་ལ་སོགས་པ་བླ་མ་དམ་པ་མང་པོ་ལ་སེམས་བསྐྱེད་དབང་བཤད་མན་ངག་མཐའ་ཡས་པ་གསན་ནས་སྔགས་གསར་རྙིང་མཐའ་དག་གི་བདག་པོར་གྱུར། གཡའ་ལུང་འཇག་གཤོང་དུ་ཡབ་དང་གཅེན་གྱི་ཕྱི་རྟེན་བཞེངས། དེའི་ནང་དུ་སེང་ལྡིང་གི་ཕུར་པ་བྱིན་རླབས་ཅན་གཅིག་བཞུགས། བྲ་བོ་ལུང་པར་དགོན་ཆུང་གཅིག་བཏབ་ནས་ལོ་འགའ་བཞུགས་པས་དིང་སང་ས་སྐྱ་གོག་པོར་གྲགས་སོ། །དེའི་ཚེ་དཔོན་སློབ་རྣམས་ཀྱིས་སྐྱོ་བསང་ལ་བྱོན། རི་ཁ་ནས་གཟིགས་པས། དཔོན་པོ་རི་གླང་པོ་ཆེ་ཉལ་བ་