[A:༡༦༡བ]ཁའུ་པས་བླ་མ་མཉམ་པོ་ལ་ང་གསོན་པོའི་ཁ་ལ་ཉོན། ཁྱོད་རབ་ཏུ་བྱུང་བ་བས་མ་བྱུང་ན་བསྟན་པ་ལ་ཕན་གསུངས་པའི་རྐྱེན་གྱིས་རབ་བྱུང་མཛད་དབང་མ་བྱུང་ནའང་། དགེ་བསྙེན་ཡོངས་རྫོགས་ཀྱི་སྡོམ་པ་ཤིན་ཏུ་དག་ཅིང་། ཐ་ན་དགེ་བསྙེན་གྱི་སྐྱབས་འགྲོའི་བསླབ་བྱ་ལྷན་པ་སེར་པོ་ལ་ཡང་མི་འགོམ། བཙུན་ཆུང་རྣམས་རྡོ་སྒོར་རྒྱག་སར་བྱོན་ནས། ཚེ་དང་ལྡན་པ་བླ་གོས་གཅིག་བཞེས་ཤིག དགེ་བསྙེན་རྒད་པོ་ཕྱག་གཅིག་འཚལ་བ་ཡིན་ནོ་གསུངས་ཤིང་ལེགས་པར་གུས་པའི་ཕྱག་མཛད། གཞན་དེ་ལྟ་བུའི་མཛད་པ་བསྟན་པའི་མངའ་བདག་བསྟན་འཛིན་ཀུན་གྱི་བླ་མར་གྱུར་པ་སུས་ཀྱང་ཚུལ་དེ་ལྟ་བུ་རྨི་ལམ་དུའང་སྒྲུབ་པར་མི་ནུས་སོ། །དེ་བཞིན་དུ་བྱང་སེམས་དང་། གསང་སྔགས་ཀྱི་སྡོམ་པ་འཁོར་དང་བཅས་པ་ལ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་བླང་དོར་ཤིན་ཏུ་བྱ་དཀའ་བ་རྣམས་ཀྱང་ཞིབ་ཏུ་མཛད་པས་ཚུལ་ཁྲིམས་ཀྱི་བསླབ་པ་མཆོག་དང་ལྡན། ལྷག་པར་ཏིང་ངེ་འཛིན་ལ། སྤྱིར་མཉམ་རྗེས་ཀུན་ཏུ་ཞི་གནས་