[A:༡༦༣ན]བཟོད་པ་ཐོབ་པ་བདུན། རྟོགས་པ་དང་ལྡན་པ་བརྒྱ་ཕྲག མཁས་ཤིང་གྲུབ་པ་བརྙེས་པ་མཐའ་ཡས་པ་བྱུང་སྟེ། གསུམ་ནི་སིངྒྷ་ལའི་ཨ་ཙ་ར། བྱང་ཆུབ་སེམས་དཔའ་སྟག སྒོམ་པ་ཀྱི་འབར་རོ། །བདུན་ནི་རྗེ་བཙུན་པ། ཞུ་ཡས། དགའ་སྟོན་རྡོ་རྗེ་གྲགས། ནགས་སྒོམ་བསོད་རྒྱལ། མཚར་ཁའི་རྣལ་འབྱོར་པ། སྒོམ་པ་འོད་ཟེར་གྲགས། ཨ་ཅེ་མང་ཆུང་མ་རྣམས་སོ། །ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་བརྩམས་ཆོས་ཀྱང་རྒྱུད་གསུམ། བདེ་མཆོག རྟོག་བདུན་ལ་སོགས་པའི་རྒྱུད་ཀྱི་ཊཱིཀྐ ནག་པོ་གཞུང་དྲུག་ལ་སོགས་པའི་རྒྱ་གཞུང་གི་བཤད་པ། སྤྱིར་ཟབ་ཆོས་མང་པོ། སྒོས་ཆོས་སྐྱོང་གི་སྒྲུབ་སྐོར། ཡང་སྒོས་ལམ་འབྲས་ཀྱི་གཞུང་བཤད། ཁྲིད་ཡིག་ཀྱང་བཅུ་གཅིག་ཙམ་མཛད་དེ། ཐམས་ཅད་ཀྱང་ཚིག་འདུས་ཤིང་གསལ་བ། དོན་རྒྱས་ཤིང་ཟབ་པ་མཁས་པ་ཀུན་གྱི་ཡིད་འཕྲོག་པར་མཛད་པས་