[A:༡༦བ]ཕྱིན་ཏེ། དེ་སྐད་སྨྲས་པས། རྒྱལ་པོས་བློན་པོའི་བུ་བསད་དོ། །དེའི་ཚེ་དེས་དམོད་བོར་བ་དུས་ནམ་ཞིག་གི་ཚེ་ང་ནུས་པ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་ལ་དབང་བྱེད་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེ་ཉིད་སྐྱེ་བ་མང་དུ་བརྒྱུད་པའི་རྗེས་སུ། ཛམྦུའི་གླིང་རྒྱ་གར་གྱི་ཡུལ་ཕྱོགས་གཅིག་ན། མང་པོས་བཀུར་བའི་རྒྱལ་པོའི་ཁབ་གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བའི་ཕོ་བྲང་གཅིག་ཡོད་པ་དེ་དང་ཉེ་བའི་བྱང་ཕྱོགས་ཉི་མ་ཕྱེད་ཀྱི་ས་ན། དུར་ཁྲོད་ཆེན་པོ་སོ་སིའི་གླིང་བྱ་བ་དེ་ན། རོ་ཟས་དང་། རོ་གོས་ཐམས་ཅད་གཞན་བདག་མེད་པར་ཅེ་སྤྱང་གིས་ཟ་བ་ཞིག་ཡོད་པ་ལ་དུར་ཁྲོད་དེར་དུས་རེ་ཞིག་གི་ཚེ་དགེ་སློང་ལེགས་ལྡན་ནག་པོ་ཞེས་བྱ་བ་ཕ་མ་མེད་པའི་ཁྱེའུ་མདོག་ནག་པོ་གཅིག་ཏུ་གྱུར་ཏོ། །དེས་ཆོས་ཉིད་སྐྱེ་བ་མེད་པའི་དོན་ནི་མ་རྟོགས། ལུས་དཀའ་ཐུབ་ཀྱི་སྒོ་ནས་སྡོམ་པ་བསྲུང་ཞིང་