[A:༡༧ན]གནས་པ་ལ་དུར་ཁྲོད་དེར་གནས་པའི་མ་མོ་མཁའ་འགྲོ་རྣམས་ཀྱིས་མི་ཤ་ཕུལ་བ་གསོལ། དེ་ནས་རིམ་བཞིན་རོ་ཤ རོ་གོས། རོ་ཟས་ཐམས་ཅད་ལ་ལོངས་སྤྱད་པས། གྲོང་ཁྱེར་གསུམ་བརྩེགས་པའི་མི་ཁ་ཅིག་ན་རེ། དུར་ཁྲོད་ན་སྲིན་ཕྲུག་མི་ཟན་གཅིག་འདུག་ཟེར། ཕལ་ཆེར་ན་རེ། དགེ་སློང་དུར་ཁྲོད་པ་འདི་བསོད་སྙོམས་མི་བྱེད་པ་ལ་དཔྱད་ན། འོ་སྐོལ་གྱིས་རོ་བསྐྱལ་བ་ཐམས་ཅད་ཟ་བ་འདྲ་ཞིང་། ནམ་ཞིག་མི་གསོན་པོ་བརྐུས་ནས་བཟར་འོང་བས་འདི་གསོད་དགོས་ཟེར་ནས། གྲོང་ཁྱེར་གསུམ་བརྩེགས་པའི་དམག་དཔུང་ཐམས་ཅད་དེར་ཕྱིན་པ་དང་། དགེ་སློང་གིས་གསོད་པར་ཤེས་ནས། ང་ནི་སྲིན་པོ་མིན། ཆོས་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཕྱིར་དུར་ཁྲོད་འདིར་བསྒོམ་པ་ཡིན་བྱས་ཀྱང་མ་ཕན་པར་མཚོན་བསྣུན་ཏོ། །དེར་དགེ་སློང་ཞེ་སྡང་གི་མཚམས་སྦྱར་ནས་འཆི་བའི་ཚེ་དམོད་པ་འདི་ལྟར་བོར་ཏེ། ངས་